2025ལོའི་རྒྱལ་ཡོངས་ཀྱི་རིག་གནས་ཚན་རྩལ་འཕྲོད་བསྟེན“གཤམ་སྤེལ་གསུམ”གྱི་ བྱེད་སྒོའི་ཕུལ་བྱུང་ཚོགས་པ་དང་ཞབས་ཞུའི་དཔེ་དམག་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ།
རང་ལྗོངས་ཀྱི་ཚོགས་པ་3དང་མི་སྒེར་3ཚུད་པ།
ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུས་བརྡ་ཐོ་བཏང་ནས་2025ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན“གཤམ་སྤེལ་གསུམ”གྱི་བྱེད་སྒོའི་ཕུལ་བྱུང་ཚོགས་པ་དང་ཞབས་ཞུའི་དཔེ་དམག་གི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། རང་ལྗོངས་ཀྱི་ཚོགས་པ་3དང་མི་སྒེར་3ཚུད་པ་རེད།
དེའི་ནང་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ཚན་རིག་ཁྱབ་གདལ་དང་བླངས་ཞབས་ཞུ་རུ་ཁག་དང་། མཚོ་དམག་ཁྱད་ལྡན་གསོ་རིག་ལྟེ་གནས་ཀྱི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་27པ། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྒྱུ་རྩལ་ཚོགས་པ་བཅས་ཚོགས་པ་3ཕུལ་བྱུང་ཚོགས་པའི་མིང་ཐོའི་ནང་ཚུད་པ་དང་། ཀུའེ་ཧུང་མེ་དང་། ཐན་ལུའུ་ཐིང་། ཚེ་རིང་ལྷ་མོ་བཅས་མི་3ཞབས་ཞུའི་དཔེ་དམག་གི་མིང་ཐོའི་ནང་ཚུད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་རྒྱལ་ཡོངས་སུ་ཁྱོན་མཉམ་སྡེབ་100ཕུལ་བྱུང་ཚོགས་པར་བདམས་པ་དང་མི་སྒེར་100ཞབས་ཞུའི་དཔེ་དམག་ལ་བདམས་ཡོད། བརྡ་ཐོའི་ནང་། ས་གནས་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས“གཤམ་སྤེལ་གསུམ”གྱི་བྱེད་སྒོའི་ཕུལ་བྱུང་ཚོགས་པ་དང་ཞབས་ཞུའི་དཔེ་དམག་གི་དཔེ་སྟོན་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ་ཐོན་ཁུངས་དང་སྟོབས་ཤུགས་དེ་བས་མང་བ“གཤམ་སྤེལ་གསུམ”གྱི་བྱེད་སྒོའི་ནང་ཞུགས་པར་སྐུལ་ཁྲིད་བྱས་ནས་གཞི་རིམ་ལ་ཕན་པ་དངོས་ཐོབ་པར་བྱེད་དགོས། “གཤམ་སྤེལ་གསུམ”གྱི་བྱེད་སྒོའི་དྲིལ་བསྒྲགས་སྤེལ་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་པར་ཆས་དང་པར་ངོས་དེ་བས་མང་བ་གཞི་རིམ་གྱི་འཐབ་ས་དང་པོ་དང་ཞིང་པ་མང་ཚོགས་ལ་ཕྱོགས་ཏེ། “གཤམ་སྤེལ་གསུམ”གྱི་བྱེད་སྒོའི་འཕེལ་རིམ་གྱི་ཕན་འབྲས་གང་ལེགས་མངོན་པར་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་ནུས་ལྡན་གཏོང་བའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།