དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་ནམ་ཡང་ཏང་གི་རྗེས་སུ་འབྲང་གི་ཡིན།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་རྒྱང་ལམ་གསར་པར་ཕུལ་དུ་བྱུང་བའི་རྒྱུགས་ལན་འབུལ་བར་ལྕག་སྐུལ་ཆེན་པོ་ཐེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ཧྲི་དབྱི་ཆི།   |     སྤེལ་དུས།  2026-06-22

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་ལོ་102ལ་སླེབས་པའི་ཏང་ཡོན་རྒན་གྲས་ཀྲང་ལེན་ཧྲེང་ལ་འཕྲིན་ལན་སྤྲིངས་ནས་ཁོང་དང་རྒྱལ་ཡོངས་ཀྱི་ཏང་ཡོན་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་ནི་མི་སེམས་ལ་སྐུལ་མ་ཐེབས་པ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་ཐེབས་པ་ཞིག་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས། ནམ་ཡང་ཏང་གི་རྗེས་སུ་འབྲང་བ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། རང་འགན་གཙང་སྒྲུབ་དང་དངོས་སྒྲུབ་འགན་ཁུར་ནས་རྒྱང་ལམ་གསར་པར་ཕུལ་དུ་བྱུང་བའི་རྒྱུགས་ལན་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    དམག་འཁྲུག་གི་མེ་ལྕེ་འབར་བའི་ལོ་ཟླའི་ནང་། ཤིན་ཧྭ་གསར་འགྱུར་ཁང་གི་བློ་མཐུན་ཁག་གཅིག་ཀྲུང་དབྱང་ཙུང་ཏུའེ་རུ་ཁག་གི“རུ་ཆེན་བཞི་པའི”རུ་མི་ཡིན་པའི་ངོས་ནས་ཏང་ཀྲུང་དབྱང་གི་རྗེས་སུ་འབྲངས་ཏེ་ཧྲའན་ཤིས་བྱང་རྒྱུད་དུ་བསྐྱོད་དེ་དམག་འཐབ་བྱས་ཤིང་། སྐབས་དེ་དུས‘རུ་ཆེན་བཞི་པའི’རུ་མི་ཞིག་ཡིན་པའི་བློ་མཐུན་ཀྲང་ལེན་ཧྲེང་གིས་སྤྱིར་བཏང་གི་མི་ཚེ་གང་པོར‘ནམ་ཡང་ཏང་གི་རྗེས་སུ་འབྲང་བའི’དམ་བཅའ་ལག་ལེན་བསྟར་ཡོད”ཅེས་ཤིན་ཧྭ་གསར་འགྱུར་ཁང་ཞིབ་འཇུག་ཁང་གསར་འགྱུར་ལོ་རྒྱུས་ཞིབ་འཇུག་ཁང་གི་རྩོམ་སྒྲིག་པ་ལུའོ་གཡོད་ཀྱིས་བརྗོད་པ་དང་། ཁོང་གིས། ཤིན་ཧྭ་གསར་འགྱུར་ཁང་གི་ལོ་རྒྱུས་རྒྱུན་མཐུད་ཞིབ་འཇུག་གཏིང་ཟབ་བྱས་ནས་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་གསར་བརྗེའི་གཞི་རྒྱུ་དེ་བས་མང་བ་གདམ་གསེས་བྱས་ཏེ། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་གཞག་ལ་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    “བགྲང་བྱ་70ལྷག་ཙམ་གོང་། གློག་འཕྲིན་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་གསུང་སྒྲ་བརྒྱུད་སྤྲོད་བྱས་ཤིང་། ཏང་ཡོངས་ཀྱིས་ཀྲུང་དབྱང་ལ་བརྩི་བཀུར་དང་ཆ་རྐྱེན་གང་ལའང་མི་བལྟོས་པར་ཏང་གི་བཀའ་མཐའ་གཅིག་ཏུ་ལག་བསྟར་བྱས་མཐར་ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ཐོབ་ཡོད”ཅེས་ཕིང་ཧྲན་རྫོང་ཤིས་པའེ་ཕོ་གྲོང་རྡལ་པེ་ཀྲོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཧྥེང་ཧུང་ཅོན་གྱིས་གློག་འཕྲིན་གྱི་ཁྱམས་རིང་དུ་སློབ་སྦྱོང་བྱེད་བཞིན་བརྗོད་པ་དང་། ཁོང་གིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དང་མཉམ་འདྲེས་བྱེད་པ་དང་། ཤིས་པའེ་ཕོ་ཡི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་གསར་བརྗེའི་རིག་གནས་ཡུལ་སྐོར་ཡག་པོ་གཉེར་བ་དང་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཏེ། ཁུལ་རྙིང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    “བློ་མཐུན་ཀྲང་ལེན་ཧྲེང་དམག་འཁྲུག་གི་མེ་ལྕེ་བརྒྱུད་ཀྱང་ཐོག་མའི་བསམ་འདུན་ལ་འགྱུར་བ་ཕྱིན་མེད། ‘ནམ་ཡང་ཏང་གི་རྗེས་སུ་འབྲང་གི་ཡིན’ཞེས་པའི་སྐད་ཆ་ལས་གུང་ཁྲན་ཏང་མིའི་ལྷག་བསམ་རྣམ་དག་གི་དད་སེམས་གསོན་ཉམས་དོད་པོས་མཚོན་ཡོད”ཅེས་ཅང་ཤིས་ཞིང་ཆེན་ནན་ཁྲང་གི་ཤིན་སི་ཅུན་གྱི་ཅུན་པུའུ་གནས་ཡུལ་རྙིང་པའི་སྒྲིག་གཤོམ་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀོན་ཀྲང་ལི་ཆིང་གིས་བརྗོད་པ་དང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། དབྱིངས་ཞུགས་རྣམ་པའི་འགྲེམས་སྟོན་དང་། ས་གནས་ས་ཐོག་ཏུ་སློབ་ཁྲིད། དྲ་ཐོག་གི་འགྲེམས་ཁང་སོགས་ཕུན་སུམ་ཚོགས་པའི་རྣམ་པ་ཡག་པོ་སྤྱོད་པ། ཏང་ཡོན་དང་ལས་བྱེད་པ་དང་མང་ཚོགས་ལ་ཕྱོགས་ནས་གསར་བརྗེའི་སློབ་གསོ་སྤེལ་བ། གསར་བརྗེའི་གཏམ་རྒྱུད་སྒྲོག་སྤེལ་བ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་པ་ཡག་པོ་བཅས་བྱས་ཏེ། གསར་བརྗེའི་ས་བོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    “སྐབས་དེ་དུས་རྟ་ཐོག་ཏུ་རྒྱང་བསྒྲགས་བཙུགས་པ་ནས་ད་ཆ་ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་སྤེལ་བྱ་ཐབས་གྲུབ་པའི་བར། གསར་འགྱུར་ལས་དོན་པའི་ལས་ཀ་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་རུང་། ཏང་ལ་ཡིད་ཆེས་དང་ཏང་ལ་དགའ་ཞེན་བྱེད་པའི་ཟོལ་མེད་ཀྱི་བརྩེ་སེམས་ལ་འགྱུར་ལྡོག་ཕྱིན་མེད”ཅེས་ཡན་ཨན་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཚོལ་བསྡུ་ལྟེ་གནས་ཀྱི་ཀྲུའུ་རེན་ནན་ཝེ་ཏུང་གིས་བརྗོད་པ་དང་། ཁོང་གིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་། ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་དཔྱད་གཞི་གསར་པ་འཚོལ་བ། ཞིང་ནང་དང་མུ་ཁར་མང་ཚོགས་ཀྱི་སེམས་སྒྲ་ཉན་པ། སེམས་རྣལ་དུ་ཕབ་ནས“ནུས་པ་བཞིར”ཞུན་བརྡར་བཅས་བྱས་ཏེ། དུས་རབས་གསར་པར་གསར་འགྱུར་ལས་དོན་གྱི་གཟི་བརྗིད་སྲོལ་རྒྱུན་ལ་དེ་བས་བཀྲག་མདངས་འཚེར་བ་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    ཆིང་ཧྭ་སློབ་ཆེན་གྱི་དྲ་ཆེན་སྐུད་མེད་འཕྲིན་གཏོང་མ་ལག་དང་དྲ་རྒྱའི་ཚོད་ལྟ་ཁང་དུ། གློག་རྡུལ་བཟོ་སྐྲུན་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཝང་ཅིན་ཐའོ་ཡིས་ཚོགས་པའི་སྣེ་ཁྲིད་དེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་6Gའཕྲིན་གཏོང་དང་། ཤེས་ཚོར། རྩིས་ནུས། རིག་ནུས་བཅས་མཉམ་འདྲེས་མ་ལག་གི་ཚོད་ལྟ་བྱེད་བཞིན་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་བཞིན་ཝང་ཅིན་ཐའོ་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་། ཁོང་གིས“ང་ཚོ་འཕྲིན་གཏོང་ལག་རྩལ་གྱི་གསར་གཏོད་ལག་ལེན་ལ་གཞོལ་བཞིན་ཡོད་པས། ངེས་པར་དུ་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་འཕྲིན་གཏོང་བྱ་གཞག་བརྟན་སྲུང་བྱེད་པའི་ལྷག་བསམ་རྣམ་དག་དེ་འགག་སྒྲོལ་གྱི་སྒུལ་ཤུགས་སུ་འགྱུར་བར་བྱེད་པ་དང་། རང་བརྟེན་འཕྲིན་གཏོང་གི་ལྟེ་བའི་ལག་རྩལ་ཧུར་ཐག་སྦྱོང་བ། ནུས་ཤུགས་ཡོད་རྒུས་དཀའ་གནད་སེལ་བ། ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དང་གོམ་སྟབས་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་ཕུལ་དུ་བྱུང་བའི་རྒྱུགས་ལན་འབུལ་གྱི་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།