དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་ལྔ་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་6.9%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-21

    གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་ལྔ་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་8671ཟིན་པ་དེ་དུས་མཚུངས་ལས་6.9%འཕར་ཡོད། ཟླ་དང་པོ་ནས་ལྔ་པའི་བར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་42018ཟིན་པ་དེ་དུས་མཚུངས་ལས་5.7%འཕར་ཡོད་པ་རེད།

    ཐོན་ལས་དབྱེ་ནས་བལྟས་ན། ཟླ་ལྔ་པར་ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་124ཟིན་པ་དེ་དུས་མཚུངས་ལས་5.0%འཕར་ཡོད་པ་དང་། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5753ཟིན་པ་དེ་དུས་མཚུངས་ལས་6.0%འཕར་བའི་ནང་བཟོ་ལས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5703ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ་དང་། ལག་རྩལ་མཐོ་བའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1091ཟིན་པ་དེ་དུས་མཚུངས་ལས་12.2%འཕར་བ། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1704ཟིན་པ་དེ་དུས་མཚུངས་ལས་9.7%འཕར་བའི་ནང་གློག་གསོག་བརྗེ་སྤྲོད་ཞབས་ཞུའི་ལས་རིགས་དང་དྲ་སྦྲེལ་གྲངས་གཞིའི་ཞབས་ཞུའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་149དང་90སོ་སོར་ཟིན་པ་དེ་དུས་མཚུངས་ལས་59.9%དང་45.4%སོ་སོར་འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1090ཟིན་པ་དེ་དུས་མཚུངས་ལས་7.5%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།