ཀྲུང་གོའི་ལྕགས་ལམ་གྱི་འཕོ་འགྱུར་ལས་ཡོ་རོབ་དང་ཨ་རིའི་འབྱུང་འགྱུར་གྱི་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཐེབས་པ།

⇑ འདི་ནི་ཉིན་ཤས་གོང་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་X8037ཧོ་ནན་ཀྲེང་ཀྲོའུ་ཕུའུ་ཐེན་འབབ་ཚུགས་ནས་ཐོན་བཞིན་པ།
དུས་ཐུང་ལོ་ངོ་20ཡི་རིང་། ཀྲུང་གོས་བསྐྲུན་པའི་ལྕགས་ལམ་མ་ལག་ལས་གོ་ལ་ཧྲིལ་པོས་འབྱུང་འགྱུར་གྱི་འགྲིམ་འགྲུལ་རྣམ་པའི་འཕེལ་ཕྱོགས་ལ་འགྱུར་ལྡོག་ཕྱིན་ཡོད། དུས་རབས་འདིའི་དུས་འགོར་རྨང་གཞིའི་སྒྲིག་བཀོད་འཚོལ་ཞིབ་རྣམ་གྲངས་ཙམ་ཡིན་པའི་ལྕགས་ལམ་ལས་གྲྭ་དེ་ད་ཆ་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པའི་འགྲིམ་འགྲུལ་དྲ་བར་འཕེལ་ནས། གྲོང་ཁྱེར་དང་། ཐོན་ལས་ཡུག་ཁུལ། གནམ་ཐང་། གྲུ་ཁ་བཅས་དང་སྦྲེལ་མཐུད་ཐུབ་པ་མ་ཟད། སྔོན་ཆད་འགྲིམ་འགྲུལ་སྟབས་བདེ་མེད་པའི་སྐམ་སའི་དབུས་ཁུལ་དང་ཐག་རིང་ལུང་ཁུག་ས་ཁུལ་དུའང་ཤར་གཏོང་ཐུབ་ཡོད།
ཀྲུང་གོའི་ལྕགས་ལམ་གྱི་འཕོ་འགྱུར་ནི་འགྲུལ་སྐྱེལ་མྱུར་བགྲོད་ལྕགས་ལམ་ཁོ་ན་ཙམ་མིན་པར། ལྕགས་ལམ་མ་ལག་ཁྲོད་ད་དུང་གཅིག་མཚུངས་ཀྱི་གལ་ཆེའི་རང་བཞིན་ལྡན་པའི་གྲུབ་ཆ་ཞིག་ཡོད་པ་དེ་ནི་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་སྦྲེལ་བའི་ཟོག་འདྲེན་ལམ་ཐིག་དེ་ཡིན་ཞིང་། སྐྱེལ་འདྲེན་ལམ་དྲ་དེས་ཡོ་རོབ་དང་ཨེ་ཤེ་ཡའི་གྲོང་ཁྱེར་བརྒྱ་ཕྲག་ཁ་ཤས་དང་སྦྲེལ་མཐུད་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོའི་ཁྲོད་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།
ཀྲུང་གོའི་ལྕགས་ལམ་གྱི་འཕོ་འགྱུར་ལས་བྱུང་བའི་ཤུགས་རྐྱེན་སྔ་ས་ནས་རང་རེའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ལས་བརྒལ་ཡོད་ལ། ལས་རིགས་ཁག་གི་སྔོན་དཔག་གི་འཕེལ་ཕྱོགས་ཀྱང་བསྐྱར་སྒྲིག་བྱས་ཡོད། དམངས་ཚོགས་དང་། ཐོན་ལས་ལས་རིགས། སྲིད་ཕྱོགས་ལས་རིགས་བཅས་ཚང་མས་འགྲིམ་འགྲུལ་དྲ་བ་ཆ་ཚང་ཞིག་དུས་ཐུང་ནང་རྒྱུན་གཏན་གྱི་ཕྱིར་སྐྱོད་དང་མཉམ་འདྲེས་ཐུབ་པར་དངོས་སུ་བདེན་དཔང་བྱས་ཡོད། ཡོ་རོབ་དང་ཨ་རིའི་ངོས་ནས་བརྗོད་ན། དེ་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ཁོ་ན་འདྲ་བཤུས་བྱེད་དགོས་པ་མ་ཡིན་པར། ས་གནས་དེ་གའི་འགྲིམ་འགྲུལ་མ་ལག་ནུས་ཆེ་མཉམ་འགུལ་དང་ཉེན་ཁ་བརྟན་པོའི་ངང་སྔོན་འགོག་བྱེད་པའི་ཕྱོགས་སུ་ཡུན་རིང་ལེགས་སྒྱུར་བྱེད་པར་ལྡོག་སྐུལ་བྱས་ཡོད།
—— ཁ་རེ་ཤེ་ཡའི“Karlobag”དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།