རབས་གསར་པའི་སྤུས་རྟགས་གྲགས་ཅན་ལས་རྒྱལ་སྤྱིའི་ཐོག་གི་ཀྲུང་གོའི་གཟུགས་བརྙན་དེ་བས་ལེགས་སུ་ཕྱིན་པ།

⇑ འདི་ནི་ཧོ་ནན་ཀྲེན་ཀྲོའུ་མཁའ་འགྲུལ་ཁུལ་གྱི་པི་ཡ་ཏིའི་སྒྲིག་སྦྱོར་བཟོ་གྲྭའི་ནུས་རྒྱུ་གསར་པའི་རླངས་འཁོར“སུང་Pro”ཐོན་སྐྱེད་སྒྲུབ་རིམ་ཡིན་པ།
དུས་རབས་ཕྱེད་ཀ་ཙམ་རིང་། ཀྲུང་གོས་འཛམ་གླིང་ལ་ལག་ཐོགས་ཁ་པར་ནས་ཨུ་སུའི་སྟོད་ཐུང་སོགས་ཚོང་ཟོག་སྣ་ཚོགས་ཐོན་སྐྱེད་བྱས་ཡོད། འཛད་རྫས་སྣ་ཚོགས་ཐོག“ཀྲུང་གོས་བཟོས་པའི”མཚོན་རྟགས་མཐོང་རྒྱུ་ཡོད་མོད། འོན་ཀྱང་ཚོང་ཟོག་དེ་དག་སྒྲིག་སྦྱོར་བྱེད་མཁན་ཁེ་ལས་མང་ཆེ་བ་དེ་གོང་ཤེས་མཁན་ཉུང་ཉུང་རེད།
ཉེ་བའི་ལོ་ཤས་རིང་། པི་ཡ་ཏི་དང་ཏ་ཅང་སོགས་ཀྲུང་གོའི་ཁེ་ལས་ཀྱིས་ནུས་གོང་གཉིས་ཀ་དེ་བས་བཟང་པོར་བརྟེན་ནས་གོ་ལ་ཧྲིལ་པོའི་འགྲན་རྩོད་ནང་ཞུགས་ཐུབ་པ་མ་ཟད། ད་དུང་རྩེར་སོན་ལག་རྩལ་ལ་བརྟེན་ནས་འབུར་དུ་ཐོན་ཐུབ་པ་ར་སྤྲོད་བྱས་ཡོད། རབས་གསར་པའི་ཀྲུང་གོའི་སྤུས་རྟགས་ཀྱིས་རྒྱལ་སྤྱིའི་གར་སྟེགས་ཐོག་རྐང་པ་བརྟན་པོ་འཛུགས་ཐུབ་ཆེདའབད་འཐབ་བྱེད་བཞིན་ཡོད་མོད། འོན་ཀྱང་ཁོང་ཚོས་རིན་གོང་དམའ་པོས་དེའི་ནང་ཞུགས་པ་དང་ལག་རྩལ་གསར་ཤོས་ལ་བརྟེན་ནས་འགག་སྒྲོལ་བྱེད་པ་ལས་དཀའ་བའི་བྱ་བ་ཞིག་ཚོད་ལྟ་བྱེད་བཞིན་ཡོད་པ་སྟེ། དར་སྲོལ་གྱི་རྣམ་པ་བཏོད་དེ་ཀྲུང་གོའི་གཟུགས་བརྙན་དེ་བས་ལེགས་སུ་གཏོང་བ་དེ་ཡིན།
ཀྲུང་གོའི་སྤུས་རྟགས་ཁག་གཅིག་གིས་ཀྲུང་ལུགས་མཛེས་རིག་དང་། སྲོལ་རྒྱུན་རིག་གནས། མཛད་སྒོའི་ཚོར་སྣང་བཅས་ནུས་ཤུགས་ཡོད་རྒུས་གཏོད་བཞིན་ཡོད་ཅིང་། མིག་སྔར་དྲ་རྒྱའི་ཐོག་ཀྲུང་ལུགས་ཀྱི་འཚོ་བ་སྐྱེལ་སྟངས་དང་ཤར་ཕྱོགས་ཀྱི་མཛེས་རིག་གི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་ལ། དར་སྲོལ་དེར“ཀྲུང་གོ་ཅན་རྩེ་གྲ”ཞེས་བརྗོད། དེ་ཐོག་ནས་ད་ཆ་གོ་ལ་ཧྲིལ་པོའི་འཛད་སྤྱོད་པས་རང་ཡུལ་གྱི་ཁྱད་ཆོས་དང་རིག་གནས་ཀྱི་འབྱུང་རྩ་འབུར་དུ་དོད་པའི་སྤུས་རྟགས་དེ་དག་དང་ལེན་བྱེད་འདོད་ཡོད་པ་མཚོན་གྱི་ཡོད།
—— ཨ་རིའི《ཚོང་ལས་ནང་མོལ》དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།