དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ལྷུན་གྲུབ་རྫོང་གིས་སྐྱིད་ལུང་སྒར་སར“འབྲས་ཆན་གྱི་དྲི་ཞིམ་འཐུལ། བདེ་ཐང་གི་དུས་ཆེན་གཏོང”ཞེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-20

    དགེ་རྒན་གྱིས་ཕྲུ་གུ་ཚོར་ལོ་སྒྲིལ་འབྲས་ཆན་བསྒྲིལ་སྟངས་སློབ་བཞིན་པ།

    ཟླ་6ཚེས་18ཉིན། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་སྐྱིད་ལུང་སྒར་སར“འབྲས་ཆན་གྱི་དྲི་ཞིམ་འཐུལ། བདེ་ཐང་གི་དུས་ཆེན་གཏོང”ཞེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་སྒྲོག་འགྲེལ་དང་ལོ་སྒྲིལ་འབྲས་ཆན་བསྒྲིལ་རྩལ་འགྲན་བསྡུར་ཆེ་མོ་སོགས་ཀྱི་ནང་དོན་བཀོད་སྒྲིག་བྱས་ནས་ཤེས་དཔལ་གྱི་སྲོལ་བཟང་དར་སྤེལ་བཏང་བ་མ་ཟད། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ལའང་སྐུལ་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།