དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ནུབ་ཀྲོའུ་རུ་ས་ཡོམ་རིམ་པ་6.3བརྒྱབ་པ།

    ས་གནས་དེས་འཕྲལ་སྡོམ་ཐག་གཅོད་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ནས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་གོ་རིམ་ལྡན་པ་ཡོང་བར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-19

    ཟླ་6ཚེས་16ཉིན་གྱི་ཆུ་ཚོད་17དང་སྐར་མ་06ལ་མཚོ་སྔོན་མཚོ་ནུབ་ཀྲོའུ་ཡི་ཐད་སྐྱོང་ཁུལ་དུ་ས་ཡོམ་རིམ་པ་6.3བརྒྱབ་པ་རེད། ཟླ་6ཚེས་16ཉིན་གྱི་ཆུ་ཚོད་20བར་ས་ཡོམ་ཁྲོད་མི་1རྐྱེན་ལམ་དུ་ཤོར་བ་དང་མི་4ལ་རྨས་སྐྱོན་ཕོག་ཡོད་པ་རེད། ཞིབ་བཤེར་རགས་ཙམ་བྱས་པ་ལྟར་ན། ད་ཐེངས་ཀྱི་ས་ཡོམ་ཁྲོད་ཉེ་འཁོར་གྱི་སྤྱི་ལེ་50ཡི་སར་འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག་འདོན། ཆུ་འདོན། སོལ་རླངས་མཁོ་འདོན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་གཏན་ལྟར་ཡིན་པ་རེད། མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་ས་ཡོམ་གནོད་འཚེའི་Ⅱརིམ་པའི་འཕྲལ་སྡོམ་བྱེད་འགོ་ཚུགས་ནས་རིགས་ཁག་གི་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་གེགས་ཁུལ་དུ་འཕྲལ་སྡོམ་ཐག་གཅོད་ལས་དོན་སྤེལ་བར་མངགས་པ་དང་ས་གནས་དེ་གའི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་གོ་རིམ་ལྡན་པ་ཞིག་ཡོད། མིག་སྔར་གེགས་སེལ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།