མཚོ་སྔོན་མཚོ་ནུབ་ཀྲོའུ་ཡི་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འགན་སྲུང་བྱེད་པ།

འདི་ནི་2026ལོའི་ཟླ་6ཚེས་17ཉིན་དཔོན་དམག་ཚོས་མང་ཚོགས་ལ་ཁ་ལག་སྤྲོད་བཞིན་པ།

འདི་ནི་2026ལོའི་ཟླ་6ཚེས་17ཉིན་གྱི་ཐོ་རེངས་སུ་དཔོན་དམག་ཚོས་དྲག་ཆར་ལ་མ་འཛེམས་པར་འཕྲལ་སྡོམ་བཀོད་སྒྲིག་གུར་རྒྱག་བཞིན་པ།
ཟླ་6ཚེས་16ཉིན་གྱི་ཆུ་ཚོད་17དང་སྐར་མ་06གི་ཐོག་མཚོ་སྔོན་མཚོ་ནུབ་ཀྲོའུ་ཡི་ཐད་སྐྱོང་ཁུལ་དུ་ས་ཡོམ་རིམ་པ་6.3བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད། གནོད་འཚེའི་གནས་ཚུལ་གྱི་བརྡ་ཡིག་འབྱོར་རྗེས་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་མཚོ་ནུབ་ཉིང་ལག་རུ་ཁག་གིས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྔོན་ཇུས་འཕྲལ་མར་ལག་ལེན་བསྟར་བ་དང་། དཔུང་སྡེའི་སྟོབས་ཤུགས་མངགས་ནས་གནོད་འཚེ་ཕོག་ཁུལ་གྱི་གནས་སྐབས་བཀོད་སྒྲིག་ས་ཚིགས་སུ་གནོད་འཚེ་ཕོག་ཚུལ་གྲལ་བཤེར་དང་། མང་ཚོགས་གནས་སྤོ་བཀོད་སྒྲིག ཁ་ལག་ཚ་པོ་སྐྱེལ་བ། དངོས་ཟོག་བརྒྱུད་འདྲེན་སོགས་ཀྱི་ལས་དོན་དུས་གཅིག་ཏུ་སྤེལ་ནས་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འགན་སྲུང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།