ཨ་རིའི་མཛའ་གྲོགས་མི་སྣས“ཀྲུང་ལུགས་ཀྱི་འཚོ་བ”ལ་དབྱིངས་ཞུགས་རྣམ་པའི་མྱོང་རོལ་བྱས་པ།

འདི་ནི་ཉེ་ཆར་ཨ་རིའི་རོལ་མོ་བ་ཁེ་ཝུན·པཱ་ཁེར་གྱིས་ཉིའུ་གཡོད་དུ་རོགས་པ་དང་མཉམ་དུ་ཀུའུ་ཀྲེང་རོལ་ཆ་དཀྲོལ་བཞིན་པ།

འདི་ནི་ཉེ་ཆར་པིན་ཞི་ཧྥ་ཉི་ཡ་ཀྲོའུ་ཡི་ཧྥེ་གྲོང་ནས་ཡོང་བའི་ཁའེ·ཁ་ལོ་ལཱ་སི(གཡོན)ཡིས་ནང་མི་དང་མཉམ་དུ་ཉིའུ་གཡོད་དུ་ཡོད་པའི་ཧྲུའུ་ཏའོ་ཧྲན་རྒྱ་ཁོག་ཟ་ཁང་དུ་སི་ཁྲོན་གྱི་རྒྱ་ཁོག་བཟས་ནས་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བཞིན་པ།

འདི་ནི་ཉེ་ཆར་ཉིའུ་གཡོད་དུ་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཅེ་སེན·ཨའེ་ཏེ་མོང(དཀྱིལ)གིས་ཐའེ་ཅི་དྲག་རྩལ་གྱི་འཛམ་གླིང་གི་ཨང་དང་པོ་ཐོབ་མཁན་ཁྲེན་སི་ཐན(གཡས)གྱི་ས་ནས་ཐའེ་ཅི་དྲག་རྩལ་སློབ་སྦྱོང་བྱེད་བཞིན་པ།
ཉེ་ཆར། ཨ་རིའི་སྤྱི་ཚོགས་སུ“ཀྲུང་གོའི་ཚ་རླབས”ཤིག་དལ་གྱིས་འཕྱུར་ཞིང་། ཉིའུ་གཡོད་ཁྲོམ་གཞུང་གི་འདུ་འཛི་ཆེ་བའི་འོ་ཇའི་ཚོང་ཁང་དང་རྒྱ་ཁོག་ཚོང་ཁང་ནས་དགའ་བསུ་ཐོབ་ཚད་ཇེ་ཆེར་འགྲོ་བའི་ཐའེ་ཅི་དྲག་རྩལ་དང་ཀུའུ་ཀྲེང་རོལ་ཆའི་སློབ་ཁང་བར་དང་། དེ་ནས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཀྲུང་གོའི་ཡུལ་སྐོར་དང་རིག་གནས་ཉམས་ལེན་སྐོར་བགྲོ་གླེང་བྱེད་པའི་བར་ལ། ཨ་རིའི་མང་ཚོགས་སྔར་ལས་མང་པོས་རང་ཉིད་ཀྱི་བྱེད་སྟངས་ཐོག་ནས་ཀྲུང་གོ་དང་འབྲེལ་འདྲིས་དང་། ཀྲུང་གོ་རྒྱུས་ལོན། ཀྲུང་གོའི་རིག་གནས་ཉམས་ལེན་བཅས་བྱས་ཏེ“ཀྲུང་གོའི་འཚོ་བ”ལ་དབྱིངས་ཞུགས་རྣམ་པའི་མྱོང་རོལ་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།