དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་གཉིས་པ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-19

    ཉེ་ཆར་བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་གཉིས་པ་ལྷ་སར་འཚོགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་300ཙམ་གདན་ཞུས་ལྟར་ཞུགས་ཡོད་པ་རེད། སྐབས་འདིའི་ཚོགས་ཆེན་གྱིས“བསམ་ཤེས་དང་རྒྱབ་སྐྱོར། འདོད་མཐུན་དང་གཅིག་མཐུན་སྟེ། བོད་འབྲེལ་ས་ཁུལ་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་ནུས་ཕྱོད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ”བརྗོད་དོན་གཙོ་བོར་བྱས་ཤིང་། གླེང་སྟེགས་གཙོ་བོ་དང་། ཆེད་དོན་གླེང་སྟེགས་3 ས་ཁོངས་དང་རྒྱལ་ཁབ་ཁག་གི་བགྲོ་གླེང་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་སྒོ་དབྱེ་དང་། ཁོང་ཡངས། སྣ་མང་བཅས་ཀྱི་རྒྱལ་སྤྱིའི་སྤེལ་རེས་ལས་སྟེགས་ཤིག་བསྐྲུན་ནས་འཛམ་གླིང་གིས་དངོས་ཡོད་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་དེ་བས་ལེགས་པའི་སྒོ་ནས་ངོས་འཛིན་དང་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།