2026ལོའི་ཀྲུང་ཨའི་ས་གནས་མཉམ་ལས་གླེང་མོལ་ཚོགས་འདུ་ཀྲེན་ཀྲོའུ་རུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཀྲེང་ཀྲོའུ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2026ལོའི་ཀྲུང་ཨའི་ས་གནས་མཉམ་ལས་གླེང་མོལ་ཚོགས་འདུ་ཧོ་ནན་ཀྲེན་ཀྲོའུ་རུ་བདེ་བླག་ངང་འཚོགས་པ་རེད། དབྱི་ལི་ནུའོ་དབྱི་དང་། ཨའེ་ཨའོ་ཝ། མིང་ཉི་སུའུ་ཏ་སོགས་ཨ་རིའི་ཀྲོའུ་20ལྷག་ཙམ་དང་། ཨ་རིའི་དབུས་ཁུལ་ཀྲུང་གོའི་མཐུན་ཚོགས། ཀྲུང་ཨའི་ཚོང་ཚོགས། ཨ་རིའི་སྲན་ཆེན་མཐུན་ཚོགས། ཨ་རིའི་སྲན་ཆེན་ཕྱིར་གཏོང་མཐུན་ཚོགས། ཨ་རིའི་འབྲས་ལས་མནའ་འབྲེལ། ཨ་རིའི་འབྲུ་རིགས་དང་སྐྱེ་དངོས་ཐོན་རྫས་མཐུན་ཚོགས་སོགས་ལས་རིགས་མཐུན་ཚོགས། ཅ་ཅི་དང་། ཁོའོ་ཏི་ཧྭ། ཝོར་མ་སོགས་ཨ་རིའི་གྲགས་ཅན་ཁེ་ལས། ཧ་ཧྥུའུ་དང་ཡེ་ལུའུ་སོགས་ཨ་རིའི་སློབ་གླིང་སློབ་གྲྭ་དང་ཞིབ་འཇུག་སྒྲིག་གཞི་15 དེ་བཞིན་ཧོ་ནན་དང་། ལེའོ་ཉིང་། ཨན་ཧུའེ། ཧུའུ་ནན། ཧྲའན་ཤིས་བཅས་ཞིང་ཆེན་ལྔ་ཡི་འཐུས་མི་ཁྱོན་200ལྷག་ཙམ་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་གླེང་མོལ་ཚོགས་འདུའི་ཐོག“མཉམ་གསོ་དང་མཉམ་ལས་གཉིས་ཕན་བྱས་ནས་ཞི་བདེ་དར་རྒྱས་མཉམ་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཚོགས་ཞུགས་འཐུས་མིས་ཀྲུང་ཨའི་ཞིང་ལས་དང་། བཟའ་བཅའ། བདེ་ཐང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་དང་། ཐོན་རྫས་འགྲེམས་སྟོན་དང་། ས་གནས་ས་ཐོག་ཏུ་ལྟ་སྐོར་དང་འཚམས་འདྲི། ཁེ་ལས་དང་འབྲེལ་མཐུད་བཅས་བྱས་ཏེ་མཉམ་ལས་གྲོས་མཐུན་མང་པོ་བཞག་པ་དེ་ནི་ཀྲུང་ཨ་ས་གནས་ཀྱི་ཐོན་སྐྱེད་དང་། ཚོང་ལས། སློབ་སྦྱོང་། ཞིབ་འཇུག་བཅས་གཞི་གཅིག་ཅན་གྱི་མཉམ་ལས་ལ་གྲུབ་འབྲས་ཐོབ་པའི་བྱེད་སྒོ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།