དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།

    《ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་ལེན་བསྟར་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-06-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་ལེན་བསྟར་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཞེས་བསྡུ་རྒྱུ)བཀྲམ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དམིགས་ཚད་དང་། གཙོ་གནད་ལས་འགན། སྲིད་ཇུས་བྱ་ཐབས་བཅས་ཁ་གསལ་བཟོས་ཡོད།

    《འཆར་འགོད》ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བའི་དམིགས་ཚད་དང་ལས་ཞུགས་ཁྱབ་ཁོངས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་མཁོ་སྤྲོད་དོ་མི་མཉམ་པའི་འགལ་ཟླ་གཙོ་བོར་དམིགས་ཏེ། དངོས་པོར་མ་འཇོག་དང་མི་སྣར་མ་འཇོག་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྨང་གཞིར་བྱེད་པ་དང་། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ཁྲིད་སྟོན་དུ་བྱེད་པ། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་ཀྱི་འགལ་ཟླ་སེལ་རྒྱུ་ཤུགས་རྒྱག་སར་བྱེད་པ། ལས་ཞུགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱེད་པ། གཞི་ཁྱོན་རང་བཞིན་གྱི་ལས་ཤོར་གྱི་ཉེན་ཁ་མི་ཐོན་པ་བྱ་རྒྱུ་མཐའ་ཚད་དུ་བྱེད་པ་བཅས་བྱས་ནས། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་མཐུན་འཕྲོད་ཅན་གྱི་འཕེལ་རྒྱས་གཏོང་སྟངས་གཏོད་པ། མི་ཤུགས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། ལས་འདེམས་དང་མི་སྤྱོད་འདུ་ཤེས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་ནུས་ལྡན་ངང་འགྲོ་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ངལ་རྩོལ་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། 

    《འཆར་འགོད》ནང་བཏོན་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ལས་ཞུགས་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། ལས་ཞུགས་ཀྱི་གོ་སྐབས་སྔར་བས་མང་བ་ཡོང་བ། ལས་ཞུགས་ཀྱི་ཁོར་ཡུག་སྔར་བས་དྲང་སྙོམས་ཡོད་པ། ལས་ཞུགས་ཀྱི་གྲུབ་ཆ་སྔར་བས་ལེགས་སུ་འགྲོ་བ། མི་དང་ལས་གནས་བཀོད་སྒྲིག་ཕན་ནུས་དེ་བས་ཆེ་བ། ངལ་རྩོལ་འབྲེལ་བ་དེ་བས་འཆམ་མཐུན་ཡོད་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་འཕེལ་རིམ་གསར་པ་ཡོང་བ་བྱེད་དགོས།

    《འཆར་འགོད》ནང་ཕྱོགས་9ཡི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཤིང་། གཅིག་ནས་གཞི་ཆེའི་སྟངས་འཛིན་གྱི་ལས་ཞུགས་སྔོན་ལ་འཇོག་པའི་སྟོན་ཕྱོགས་ལ་ཤུགས་སྣོན་རྒྱག་པ་དང་། གཞི་ཆེའི་སྲིད་ཇུས་ཀྱི་ལས་ཞུགས་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ། ལས་གནས་བརྟན་པོ་དང་ཤོང་ཚད་རྒྱ་སྐྱེད་དང་སྤུས་ཚད་མཐོར་གཏོང་བྱ་སྤྱོད་ལག་བསྟར་བཅས་བྱས་ནས་མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་བ་དེ་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ་དང་འཚམ་པར་བྱེད་དགོས། གཉིས་ནས་ཐོན་ལས་དང་ལས་ཞུགས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ངལ་རྩོལ་མང་འདུས་ཅན་གྱི་ལས་རིགས་ཀྱི་ལས་ཞུགས་གཞི་ཁྱོན་བརྟན་པོ་ཡོང་བར་བྱེད་པ། ཞབས་ཞུའི་ལས་རིགས་ཀྱི་ལས་ཞུགས་ཀྱི་ཤོང་ཚད་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་གསར་དར་ཁྱབ་ཁོངས་སུ་ལས་མི་བསྡུ་བའི་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་དགོས། གསུམ་ནས་དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་མགྱོགས་མྱུར་གཏོད་པ་དང་སློབ་གསོའི་མཁོ་སྤྲོད་དང་ཤེས་ལྡན་པའི་དགོས་མཁོ་སྙོམ་སྒྲིག་བྱེད་ཚད་མཐོ་རུ་བཏང་ནས་གཞི་ཁྱོན་ཆེན་པོས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་དགོས། བཞི་ནས་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་དང་འཇོན་ནུས་ཅན་ལ་འགྱུར་བའི་ཐབས་ལམ་རྒྱ་ཆེར་བཏང་སྟེ་སྲིད་ཇུས་ཀྱི་ལྕག་སྐུལ་དང་། ཞབས་ཞུ་འགན་ལེན། དཀའ་ངལ་ཐ་སྐྱོང་། ཁེ་དབང་སྲུང་སྐྱོང་སོགས་འཁོར་འབྲེལ་ཧྲིལ་པོའི་ལས་ཞུགས་རྒྱབ་སྐྱོར་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ལྔ་ནས་ཞིང་པ་ལས་མི་དང་དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་དང་ཐོ་འགོད་ལས་ཤོར་མི་སྣ་སོགས་ཚོགས་སྤྱིར་ལས་ཞུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲུག་ནས་སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་ཐབས་ལམ་གསར་པ་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། སྤྱི་པའི་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། བདུན་ནས་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་སྤུས་ལེགས་ནུས་ཆེའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བརྒྱད་ནས་ངལ་རྩོལ་པའི་ལས་ཞུགས་ཁེ་དབང་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་ངལ་རྩོལ་གྱི་ཚད་གཞིའི་མ་ལག་དང་ངལ་རྩོལ་འབྲེལ་བའི་གྲོས་མོལ་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འདྲ་མཉམ་ལས་ཞུགས་ཀྱི་དབང་ཆར་འགན་ལེན་བྱེད་དགོས། དགུ་ནས་ལས་ཞུགས་ལྟ་ཞིབ་ཚད་ལེན་དང་། སྔོན་ཚུད་ཉེན་གཏོང་། ཉེན་ཁར་ཁ་གཏད་གཅོག་པ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཞུགས་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བརྡར་གཅོད་དང་དབྱེ་ཞིབ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།

    《འཆར་འགོད》ནང་བླང་བྱ་བཏོན་དོན། ཏང་གི་འགོ་ཁྲིད་དེ་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་དང་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་ཞུགས་དེ་དམངས་འཚོའི་དོན་ཆེན་ཨང་དང་པོར་བརྩིས་ཏེ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྲིད་ཇུས་ལག་བསྟར་ལ་སྣང་ཆེན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཆར་འགོད་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།