དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཀོང་ཤིས་ཀྱི་འབྲུག་ཚགས་ཐོན་ལས་ལ་རིག་ནུས་ལག་རྩལ་སྤྱད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-18

    ཉེ་ཆར། ཀོང་ཤིས་ལིང་ཧྲན་གྱི་ཤིང་ཏོག་འབྲུག་ཚགས་རིག་གནས་ཡུལ་སྐོར་དུས་ཆེན་དུ་ཤིང་ཏོག་འབྲུག་ཚགས་སྐྱེ་འཚར་ལ་རིག་ནུས་ལག་རྩལ་སྤྱོད་པའི་རྣམ་པ་ཁྱབ་བསྒྲགས་བྱས་པ་དང་། ཡུལ་ལུང་དེ་གའི་ཤིང་ཏོག་འབྲུག་ཚགས་ཀྱི་ཐོན་ལས་འཁོར་འབྲེལ་ལ་མི་ཐབས་རིག་ནུས་ཀྱི་ལག་རྩལ་སྤྱད་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཤིང་འབྲས་འདེབས་མཁན་ཞིང་པས་དོ་ཁུར་བྱེད་པའི“ལོ་ཆེན་དང་ལོ་ཆུང”གི་གནད་དོན་ལ་དམིགས་ཏེ། རིག་ནུས་ལག་རྩལ་གྱིས་པར་རིས་དབྱེ་འབྱེད་བྱས་པ་བརྒྱུད། ཤིང་འབྲས་སྡོང་པོ་སྐྱེ་འཚར་གྱི་གནས་ཚུལ་ཤེས་རྟོགས་ཐུབ་པའི་ཁར་དྲོད་ཚད་དང་ཆར་ཆུ་སོགས་ཁོར་ཡུག་གི་གྲངས་གཞི་དང་ཟུང་འབྲེལ་བྱས་ཏེ་དེར་འཚམ་པའི་དོ་དམ་ཇུས་གཞི་བཟོས་ནས་ཐོན་འབབ་གང་ལེགས་ཡོང་བར་བྱེད་ཀྱི་ཡོད། འདི་ནི་ལིང་ཧྲན་རྫོང་ཧྥེང་ཧོང་ཤིང་འབྲས་ལྡུམ་རའི་ནང་ཞིང་པས་འབྲུག་ཚགས་འཐུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།