དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སི་ཁྲོན་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ཆེ་མོ(2026)“གཞོན་ནུའི་གསར་བརྗེའི་ཕུགས་འདུན་འཛུགས་གཏོད”བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-18

    ཟླ་6ཚེས་15ཉིན་སི་ཁྲོན་ཞིང་ཆེན་པཱ་ཀྲུང་གྲོང་ཁྱེར་ཐུང་ཅང་རྫོང་དུ་མཐོ་སློབ་ཀྱི་དགེ་སློབ་ཚོས་སི་ཁྲོན་དང་ཧྲའན་ཤིས་ཀྱི་གསར་བརྗེའི་གནས་གཞིའི་ས་ཁུལ་གྱི་དམར་དམག་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་ཐང་ཆེན་དུ་ཞབས་བྲོ་རྒྱག་བཞིན་པ།

    2026ལོའི་ཟླ་6ཚེས་15ཉིན། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་སོགས་ཚན་པས་གཙོ་གཉེར་བྱས་པའི་སི་ཁྲོན་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་གསར་གཏོད་འགྲན་བསྡུར་ཆེ་མོ(2026)“གཞོན་ནུའི་གསར་བརྗེའི་ཕུགས་འདུན་འཛུགས་གཏོད”བྱེད་སྒོ་པཱ་ཀྲུང་གྲོང་ཁྱེར་ཐུང་ཅང་རྫོང་དུ་སྤེལ་འགོ་ཚུགས་པ་རེད། སི་ཁྲོན་ཞིང་ཆེན་གྱི་མཐོ་སློབ་146ནས་ཡོང་བའི་དགེ་སློབ་ཀྱི་འཐུས་མི་400ལྷག་ཙམ་སི་ཁྲོན་དང་ཧྲའན་ཤིས་ཀྱི་གསར་བརྗེའི་གནས་གཞིའི་ས་ཁུལ་གྱི་དམར་དམག་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་འཛོམས་ནས་ཕུན་སུམ་ཚོགས་པའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། གསར་བརྗེའི་རིག་གནས། ལག་ལེན་བྱེད་སྒོ་བཅས་བརྒྱུད། རྒྱལ་གཅེས་ཀྱི་བརྩེ་སེམས་སྐྱོང་སྤེལ་བྱས་པ་མ་ཟད། གཞོན་ནུ་ཚོས་གསར་གཏོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་གཞི་རིམ་དུ་བྱས་རྗེས་འཇོག་རྒྱུར་ལྕག་སྐུལ་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།