དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དང་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་གྱི་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-18

    ཉེ་ཆར། “ལོ་ངོ་75ཡི་རིང་ལག་གདང་སྦྲེལ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དང་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན”གྱི་བགྲོ་གླེང་ཚོགས་འདུ་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོར་འགོ་ཚུགས་པ་རེད། ཚོགས་ཞུགས་མི་སྣས་ཀྲུང་ཕ་རྒྱལ་ཁབ་གཉིས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དང་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་སྒྲོམ་གཞིའི་འོག་མཉམ་ལས་ཟབ་ཏུ་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་བགྲོ་གླེང་བྱས་པ་རེད། ཀྲུང་ཕ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་། སྨྱན་སྦྱོར། རིག་མཛོད། ཁེ་ལས་བཅས་ཀྱི་འཐུས་མི་ཁྱོན་80ལྷག་ཙམ་ཞུགས་ཡོད། བགྲོ་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོ་གྲོལ་རྗེས། འབྲེལ་ཡོད་བརྗོད་དོན་གཙོ་བོའི་སྤེལ་རེས་འདུ་ཚོགས་དང་དེ་བཞིན་གཞོན་ནུའི་གཏམ་རྒྱུད་འདུ་ཚོགས་སྤེལ་བ་རེད།

    ཕ་ཁི་སི་ཐན་གྱི་འཆར་འགོད་དང་། འཕེལ་རྒྱས། དམིགས་བསལ་རྣམ་གྲངས་བཅས་ཀྱི་པུའུ་ཀྲང་ཨ་ཧོ་སང·དབྱི་ཁེ་པར་གྱིས། ཕ་ཀྲུང་ནི་བློས་འགེལ་ཆོག་པའི་རོགས་ཟླ་དང་། སྐྱིད་སྡུག་མཉམ་མྱོང་གི་ཁྱིམ་མཚེས། དུས་དང་རྣམ་པ་ཀུན་གྱི་གྲོགས་པོ་བཅས་རེད། མིག་སྔར། འཛམ་གླིང་དེ་ཉིད་ས་འབྲེལ་ཆབ་སྲིད་དང་དཔལ་འབྱོར་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་དུས་མཚམས་སུ་གནས་པས་འགྲན་སློང་སྣ་ཚོགས་ཐོན་བཞིན་ཡོད་པ་དང་རྒྱལ་ཁབ་གང་རུང་ཞིག་གིས་ཀྱང་ཁེར་རྐྱང་ངང་ཁ་གཏད་གཅོག་ཐབས་བྲལ་བས། ཕ་ཀྲུང་གི་འབྲེལ་བས་རྒྱལ་ཁབ་ཁག་ལ་དཔེ་མཚོན་གཏོད་ནས་ཇི་ལྟར་བྱས་ཏེ་མཉམ་ལས་བརྒྱུད་གཉིས་ཁེ་གཉིས་ཕན་ཡོང་ཐབས་སྟོན་པ་དང་ཆབས་ཅིག་ས་ཁུལ་དང་གོ་ལ་ཧྲིལ་པོའི་བརྟན་ལྷིང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།