ན་ནིང་འབྲི་ཆུའི་གྲུ་ལམ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་17.54ཟིན་པ།
དཔལ་འབྱོར་གྱི་ཕན་འབྲས་དུས་མཚུངས་ལས་4.9%འཕར་བ།
2025ལོར་འབྲི་ཆུའི་གྲུ་ལམ་གྱི་དཔལ་འབྱོར་གྱི་ཕན་འབྲས་བརྟན་པོ་འཕར་བ་རྒྱུན་འཁྱོངས་ཐུབ་ནས། གྲུ་གཟིངས་འགྲོ་འོང་བྱེད་ཚད་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་སོགས་ཀྱི་དམིགས་ཚད་གཙོ་བོ་དུས་མཚུངས་ལས་ཚང་མ་འཕར་ཡོད། 2025ལོར། འབྲི་ཆུའི་གྲུ་ལམ་ལ་བརྟེན་ནས་ཆུ་ཐོག་སྐྱེལ་འདྲེན་དང་གྲུ་ཁར་དཔལ་འབྱོར་གྱི་ཕན་འབྲས་སྒོར་དུང་ཕྱུར་233བྱུང་བ་དེ་དུས་མཚུངས་ལས་4.9%འཕར་ཡོད། 2011ལོ་དང་བསྡུར་ན། གྲུ་ལམ་གྱི་དཔལ་འབྱོར་གྱི་ཕན་འབྲས་162%འཕར་ནས་ལོ་རེར་ཆ་སྙོམས་འཕར་ཚད་7%ཙམ་ཟིན་ཏེ། འབྲི་ཆུའི་དཔལ་འབྱོར་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས། ཧྲང་ཧའེ་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་ཀྱི་ནུས་རིམ་འཕེལ་བ་བཅས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་པ་རེད།
ཚད་ལེན་ཞིབ་རྩིས་བྱས་པ་བརྒྱུད། 2025ལོར་འབྲི་ཆུའི་གྲུ་ལམ་བརྒྱུད་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་17.54ཟིན་པ་དེ་དུས་མཚུངས་ལས་3.25%འཕར་ཡོད། ལོ་ཧྲིལ་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1773འཕར་བ་དང་། ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་273ཙམ་འཕར་བར་སྐུལ་ཁྲིད་ཐུབ་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན། འབྲི་ཆུའི་གྲུ་ལམ་ལས་ཕྱོད་ཆེན་པོས་འཁོར་སྐྱོད་ཐུབ་པ་དེས་རིམ་རྩིས་བརྒྱབ་ན་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་8499འཕར་བར་སྐུལ་ཁྲིད་ཐུབ་པ་དང་། ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་1420འཕར་བར་སྐུལ་ཁྲིད་ཐུབ་ཅིང་། གྲངས་གཞི་ཁག་གཉིས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་ལས་20.5%དང་1.6%སོ་སོར་འཕར་ཏེ། འབྲི་ཆུ་འབབ་རྒྱུད་ཀྱི་་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲུལ་མ་གནས་དམའ་རུ་གཏོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།