སྡེ་ཚན་གཉིས་ཀྱིས་ལས་དོན་ཚོགས་ཆུང་མཚོ་སྔོན་མཚོ་ནུབ་ཀྲོའུ་ཡི་ཡོམ་ཁུལ་དུ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་མཚོ་སྔོན་མཚོ་ནུབ་ཀྲོའུ་ལ་ས་ཡོམ་རིམ་པ་6.3བརྒྱབ་པར་རྒྱལ་ཁབ་ཀྱི་ས་ཡོམ་འཕྲལ་སྡོམ་བརྡ་ལན་རིམ་པ་བཞི་པ་དང་ལེན་བྱེད་འགོ་བཙུགས་པ་དང་སྦྲགས། ལས་དོན་ཚོགས་ཆུང་ས་གནས་དེ་གར་མཛུབ་ཁྲིད་དང་ཐག་གཅོད་བྱེད་པར་མངགས་ཡོད།
ཀྲུང་གོ་ས་ཡོམ་དྲ་རྒྱའི་ལྟེ་གནས་ཀྱིས་ཚད་འཇལ་གཏན་འཁེལ་བྱས་པ་བརྒྱུད། ཟླ་6ཚེས་16ཉིན་གྱི་ཆུ་ཚོད་17དང་སྐར་མ་06ལ་མཚོ་སྔོན་མཚོ་ནུབ་ཀྲོའུ་ཡི་ཐད་གཏོགས་ཁུལ(འཕྲེད་ཐིག་བྱང་མ་ཏུའུ་37.80དང་ཤར་གྱི་གཞུང་ཐིག་ཏུའུ་95.56)དུ་ས་ཡོམ་རིམ་པ་6.3བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་10ཟིན་གྱི་ཡོད་པ་རེད།
ས་ཡོམ་བརྒྱབ་རྗེས། འཕྲལ་སྡོམ་དོ་དམ་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བས་དེ་མ་ཉིད་དུ་བཀོད་སྒྲིག་བྱས་ཏེ། བཀོད་གཏོང་མཛུབ་ཁྲིད་ལ་ཤུགས་སྣོན་གྱིས་སྟོབས་ཤུགས་གེགས་ཁུལ་དུ་མངགས་གཏོང་དང་། ནུས་ཤུགས་ཡོད་རྒུས་ཉེན་གྱར་མང་ཚོགས་འཚོལ་སྐྱོབ། དངོས་ཟོག་གཏོང་སྤྲོད་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་བཀོད་སྒྲིག་ལས་དོན་ཡག་པོ་སྤེལ་བ། ས་ཡོམ་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་རྗེས་སྙེག་ཞིབ་འཇུག་བརྡར་དཔྱོད་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་ནས་རོགས་སྐྱོབ་སྟོབས་ཤུགས་ཏེ། རླངས་འཁོར་78དང་། མི་320 རྫི་ཁྱི་10བཅས་ས་གནས་ས་ཐོག་ཏུ་རོགས་སྐྱོབ་བྱེད་པར་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།