དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོར་གྲོང་གསེབ་ཀྱི་བདེ་སྐྱིད་སྤྲོ་ཁང་དངོས་སུ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-18

    ཉིན་ཤས་གོང་། འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་གྲོང་གསེབ་ཀྱི་བདེ་སྐྱིད་སྤྲོ་ཁང་དངོས་སུ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཤིང་། གྲོང་སྡོད་ལས་དོན་རུ་མི་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི། དེ་བཞིན་རྒན་རྒོན་མང་ཚོགས་60ལྷག་ཙམ་མཉམ་དུ་འཛོམས་ནས་དམངས་འཚོའི་འདུ་འགོད་དེ་དོན་ཐོག་ཏུ་འཁྱོལ་བར་ཐུན་མོང་ཐོག་བདེན་དཔང་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བཅིངས་འགྲོལ་གྲོང་ཚོའི་གྲོང་གསེབ་ཀྱི་བདེ་སྐྱིད་སྤྲོ་ཁང་སྤྱོད་འགོ་ཚུགས་པ་དེ་ནི་གྲོང་ཚོ་དེས“རྒན་གཅིག་གཞོན་གཅིག”གི་གཙོ་གནད་ཚོགས་སྤྱིར་དམིགས་ནས་གྲོང་ཚོ་རིམ་པའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་རྒན་རྒོན་མང་ཚོགས་ལ་ཉིན་མོའི་ལྟ་སྐྱོང་དང་སེམས་རྩ་འཁོལ་བའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་རྒྱུ་དེ་རེད། མིག་སྔའི་བར། མ་དངུལ་བསྡོམས་སྒོར་ཁྲི་1200བཏང་བའི་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོ་དང་སྤུན་གསུམ་གྲོང་ཚོ་དང་། ཤ་གསོས་ཤང་འཇུ་གྲོང་ཚོ། ལྷ་ཡུལ་ཤང་སྡེ་ཆེན་གྲོང་ཚོ་བཅས་ཀྱི་གྲོང་གསེབ་ཀྱི་བདེ་སྐྱིད་སྤྲོ་ཁང་བཞི་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དང་། ལྷོ་ཁ་གྲོང་ཁྱེར་དང་འཕྱོངས་རྒྱས་རྫོང་གིས་ལོ་ལྟར་གཉེར་སྐྱོང་འགྲོ་གྲོན་འདང་ངེས་བཀོད་སྒྲིག་བྱས་པ་དེས་ཀྱང་གྲོང་གསེབ་ཀྱི་བདེ་སྐྱིད་སྤྲོ་ཁང་གི་འབྱུང་འགྱུར་གྱི་སེམས་ཁྲལ་དེ་བས་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།