རང་སྐྱོང་ལྗོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ།
ཚེས་16ཉིན། རང་སྐྱོང་ལྗོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི“དཀའ་ངལ་ལ་སྐྲག་ཅིང་འགན་འཁྲི་ལས་གཡོལ་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་ཆེན་པོ་མེད་པ། ‘སྒུག་རྟེན་སློང་གསུམ’དང་ལས་ཀ་མི་བྱེད་པའི་གནད་དོན”གྱི་གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་དང་། ཏང་གི་སྤྱོད་ཚུལ་འཛུཌ་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། གཅིག་སྡུད་བཅོས་སྒྲིག་གི་དུས་འགོའི་ལས་དོན་སྤེལ་ཚུལ་ལ་ཕྱོགས་སྡོམ་དང་ད་ཡོད་ཀྱི་གནད་དོན་ལ་དབྱེ་ཞིབ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་པ་དང་། ས་ཁུལ་དང་གྲོང་ཁྱེར་དང་ཚན་པ་ཁག་གཅིག་གིས་སྤེལ་རེས་དང་གཏམ་བཤད་བྱས་པ་རེད། ཚོགས་འདུ་འདི་བརྙན་ལམ་ནས་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲུང་ཆེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀུང་ཧུའེ་ཚའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཀུང་ཧུའེ་ཚའེ་ཡིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། དག་ཐེར་དང་བཅོས་སྒྲིག་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་ལ་སྟངས་འཛིན་ཡག་པོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱེད་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། གནད་དོན་བཤེར་འདོན། དག་ཐེར་ཐོ་སུབ་བཅས་ཀྱི་ལྷུ་ཚིགས་ཁག་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས། གཅིག་སྡུད་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གང་ལེགས་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་མངོན་གསལ་དོད་པའི་གནད་དོན་ཕྱོགས་ཡོངས་ནས་འགག་སྒྲོལ། དག་ཐེར་གྱི་སྤུས་ཚད་ལ་དམ་འཛིན་ནན་པོ། བཅོས་སྒྲིག་གི་རྩིས་ཁྲ་ཚད་ལྡན་བཟོ་བ། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། གནད་དོན་གསལ་འདོན་དང་རྩ་མེད་ཐོ་སུབ་བྱེད་དགོས། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། རྗེས་སྙེག་སྒྲུབ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཞིབ་དཔྱད་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། ཕྱི་ཚུལ་དག་ཐེར་དང་། ཁྱབ་ཁོངས་གཏན་འཁེལ་གྱི་དག་ཐེར། ཡིག་ཐོག་གི་ཐོ་སུབ་བཅས་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ། དངོས་དངོས་རྗེན་རྗེན་གྱི་དག་ཐེར་ཕན་འབྲས་ཀྱིས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱས་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།