རང་ལྗོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཟླ་བའི“བདེ་འཇགས་དྲིལ་བསྒྲགས་ཀྱི་བློ་འདྲིའི་ཉིན་མོའི”བྱེད་སྒོ་སྤེལ་བ།
ཚེས་16ཉིན་གྱི་སྔ་དྲོར། རང་ལྗོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཟླ་བའི“བདེ་འཇགས་དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི”བྱེད་སྒོ་སྤེལ་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་བྱེད་སྒོར་ཞུགས་ཡོད་པ་རེད།
ལང་ཧྥུའུ་ཁོན་ཚན་པ་ཁག་གི་དྲིལ་བསྒྲགས་འགྲེམས་གནས་ཀྱི་མདུན་དུ་ཕེབས་ནས་དྲིལ་བསྒྲགས་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གསུངས་དོན། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་ལས་དོན་མཐའ་དག་གི་མཐའ་ཚད་ཡིན་པས། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། ཚན་པ་ཁག་གིས་ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། ཕྱོགས་ཁག་གི་འགན་འཁྲི་ཤུགས་ཆེར་གཏོང་བ་དང་དོན་འཁྱོལ་ཡག་པོ་བྱས་ཏེ། ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། འབྱུང་རྩ་ནས་བཅོས་སྒྲིག་དང་བརྒྱུད་རིམ་ལྡན་པའི་བཅོས་སྒྲིག་གི་དམིགས་ཚད་ལ་དམིགས་པ་དང་། གནད་དོན་གྱི་འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱེད་པ། དོ་དམ་གྱི་ཞན་ཆ་སེལ་བ་བཅས་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་དེ་འཕྲལ་བཅོས་ནས་རྩ་བཅོས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།