ཀྲུང་དབྱང་ཁེ་ལས་ཀྱི་རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་བའི་བསྡུར་ཚད་9.4%བར་འཕར་བ།
གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2025ལོའི་བར། ཀྲུང་དབྱང་ཁེ་ལས་ཀྱི་རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་བའི་བསྡུར་ཚད་9.4%བར་འཕར་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཀྲུང་དབྱང་ཁེ་ལས་ཀྱི་རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་ཚད་2021ལོའི་སྒོར་དུང་ཕྱུར་565ནས་2025ལོའི་སྒོར་དུང་ཕྱུར་1024བར་འཕར་ནས་བསྡུར་ཚད་6%ནས་9.4%བར་འཕར་ཡོད། 2022ལོ་ནས་2025ལོ་བར་ཀྲུང་དབྱང་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཚད་ལོ་4བསྟུད་མར་སྒོར་དུང་ཕྱུར་ཁྲི་ལས་བརྒལ་ཡོད་པ་རེད།
རྒྱལ་ཁབ་རིམ་པའི་ལས་སྟེགས་རིགས་14ཡི་ཁྲོད། ཀྲུང་དབྱང་ཁེ་ལས་ཀྱིས་སྣེ་ཁྲིད་དེ་ལས་སྟེགས་474བསྐྲུན་པའི་ནང་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་91ཡོད། 2025ལོར། ལས་རིགས་ཀྱི་ཐུན་མོང་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་ཁང་8བཙུགས་ནས་ཆེད་དོན་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་དང་ཐུན་མོང་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་ཡོད། ཚན་རྩལ་གསར་ཤོས་དང་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ། ཀྲུང་དབྱང་ཁེ་ལས་58ཀྱིས་གསར་གཏོད་ལག་རྩལ་གྱི་འགོ་རྩོམ་ས་97བསྐྲུན་ནས་གློག་ཤུགས་མ་ལག་གསར་པ་དང་། 5G རབས་གསར་པའི་སྒུལ་བདེའི་འཕྲིན་གཏོང་སོགས་ཁྱབ་ཁོངས་སུ་གསར་གཏོད་ཀྱི་གྲུབ་འབྲས་ཁག་121ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།