ཟླ་དང་པོ་ནས་ལྔ་པའི་བར།
སྤྱི་ཚོཌ་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་ཚད་སྒོར་དུང་ཕྱུར་ཁྲི་17.48ཟིན་པ།
ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་དངུལ་རྩའི་བསྡོམས་རྩིས་གྲངས་གཞིའི་སྙན་ཞུ་ལས་མངོན་པར། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་འཕར་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་17.48ཟིན་པ་དང་། ཟླ་ལྔ་པའི་ཟླ་མཇུག་བར་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་གསོག་འབོར་སྒོར་དུང་ཕྱུར་ཁྲི་458.81ཟིན་པ་དེ་དུས་མཚུངས་ལས་7.7%འཕར་ཡོད།
ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་9.11འཕར་ནས་དངུལ་བུན་གྱི་གཞི་ཁྱོན་ལུགས་མཐུན་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་5པའི་ཟླ་མཇུག་བར་རང་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་284.79ཟིན་པ་དེ་དུས་མཚུངས་ལས་5.4%འཕར་བ་དང་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་281.02ཟིན་པ་དེ་དུས་མཚུངས་ལས་5.5%འཕར་ཡོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་ལྷུག་ལྷོད་འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་ནས་དུས་འཁོར་ལས་ལྡོག་པ་དང་དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་རང་རྒྱལ་གྱི་དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་འཚམ་པའི་དངུལ་ལོར་དངུལ་རྩའི་ཁོར་ཡུག་རྒྱུན་མཐུད་བཏོད་པས། ལྷུག་ལྷོད་འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་མངོན་ཡོད། གྲུབ་ཆའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཡོ་བྱད་སོགས་དངུལ་ལོར་ཡིད་རྟོན་དངུལ་བུན་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་དངུལ་རྩའི་སྒྲིག་གཞིས་དཔལ་འབྱོར་ཕྱོགས་སྒྱུར་གྱི་འཕེལ་ཕྱོགས་དང་བསྟུན་ནས་དངུལ་རྩའི་མཁོ་སྤྲོད་ལེགས་སུ་བཏང་སྟེ་ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས་དེ་བས་མང་བ་རྣམ་གྲངས་གལ་ཆེན་དང་། གཙོ་གནད་ཁྱབ་ཁོངས། ཉམས་ཞན་ལྷུ་ཚིགས་བཅས་ལ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤུས་འབྲས་རྒྱུན་མཐུད་ཆེ་རུ་འགྲོ་བར་རྒྱབ་སྐྱོར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།