དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་ཁག་བཅུའི་འབྲེལ་མཐུད་གན་འཇོག་ཚོགས་འདུ་ཞ་མོན་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-17

     ཉེ་ཆར། ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་ཁག་བཅུའི་འབྲེལ་མཐུད་གན་འཇོག་ཚོགས་འདུ་ཧྥུའུ་ཅན་ཞ་མོན་དུ་འཚོགས་ཤིང་། སྐམ་ས་ཆེན་པོའི་ཁེ་ལས་དང་ཐའེ་དབན་གྱི་ས་གནས་མང་པོ་ནས་ཡོང་བའི་ཁེ་ལས་དང་ཚོང་ཚོགས་མཐུན་ཚོགས་དབར་གན་རྒྱ་བཞག་སྟེ། ཐའེ་དབན་ཐའེ་ཏུང་དང་། ཡུན་ལིན། ནན་ཐོའུ་སོགས་རྫོང་དང་གྲོང་ཁྱེར་གྱི་ཤིང་ཏོག་ཧྥེང་ལི་དང་། ཤིང་ཏོག་ཡིའུ་ཙི། ཇ་ལོ་སོགས་ཁྱད་ལྡན་ཞིང་ལས་དང་ཉ་ལས་ཐོན་རྫས་ཉོ་སྒྲུབ་བྱས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲེང་ལི་ཝུན་དང་མཇལ་འཛོམས་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཟླ་4ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་གིས་ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་ཁག་བཅུ་དབང་སྐུར་བ་ལྟར་ཁྱབ་བསྒྲགས་བྱས་ནས། སྤུན་ཟླ་ཐའེ་དབན་བའི་དམངས་འཚོའི་དགོས་མཁོར་དམིགས་པ་དང་། གླིང་ཕྲན་གྱི་དམངས་འདོད་གཙོ་བོ་དང་མཐུན་པར་བྱས་པས། གཞོན་ནུ་དང་། ཞིང་པ་དང་ཉ་པ། ལས་གཉེར་པ་འབྲིང་ཆུང་སོགས་གཞི་རིམ་གྱི་དམངས་ཚོགས་ལ་ཕན་པ་ཐོབ་ཡོད། ངོགས་གཉིས་ཀྱི་འབྲེལ་ཡོད་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། བྱ་ཐབས་ཁག་བཅུ་དོན་འཁྱོལ་ལ་དགེ་མཚན་ལྡན་པའི་འཕེལ་རིམ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཐའོ་གན་འཇོག་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་ཕྱོགས་ནི་སུས་ཀྱང་འགོག་ཐབས་བྲལ་བ་ཞིག་ཡིན་པ་དང་། ཐའེ་དབན་གྱི་མདུན་ལམ་དང་ལས་དབང་དེ་མེས་རྒྱལ་སྐམ་ས་ཆེན་པོའི་འཕེལ་རྒྱས་ཡར་ཐོན་དང་། རྒྱལ་ཁབ་གཅིག་གྱུར་དང་སྟོབས་འབྱོར་ཡོང་བ་དང་དམ་པོར་འབྲེལ་ཡོད། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང་། “ཐའེ་དབན་རང་བཙན”ལ་ངོ་རྒོལ། ངོགས་གཉིས་པོ་ཀྲུང་གོ་གཅིག་ལ་གཏོགས་པར་ཁས་ལེན་བཅས་བྱས་ཚེ། ངོགས་གཉིས་ཀྱི་འབྲེལ་བ་གཞི་ནས་ཞི་བདེ་འཕེལ་རྒྱས་དང་ཐའེ་དབན་མཚོ་འགག་ཞི་བདེ་ལྷིང་འཇགས་བྱུང་ནས། ངོགས་གཉིས་ཀྱི་སྤུན་ཟླའི་ཁེ་ཕན་དང་བདེ་རྩར་འགན་སྲུང་ཐུབ། ངོགས་གཉིས་ཀྱི་སྤུན་ཟླས་མི་རིགས་ཀྱི་བདེན་དོན་མཐའ་འཁྱོངས་བྱེད་པ་དང་། དུས་རབས་ཀྱི་འགན་འཁྲི་ལྕི་པོ་མཉམ་དུ་འཁུར་བ། ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་གཏོང་བ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྒྱང་ལམ་གསར་པར་མཉམ་དུ་འབད་འབུངས་མདུན་སྐྱོད་བྱེད་དགོས་ཞེས་བརྗོད།

    ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ་ཀྲང་རུང་ཀུང་གན་འཇོག་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས། ངོགས་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་ནི་ངོགས་གཉིས་ཀྱི་སྤུན་ཟླའི་དབར་བསམ་ཤེས་བྱེད་པར་སྐུལ་འདེད་དང་བདེ་རྩ་ཆེ་རུ་གཏོང་བའི་ཐབས་ལམ་ཡག་ཤོས་ཤིག་རེད། ཀྲུང་གོ་གོ་མིན་ཏང་གིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐའེ་དབན་མཚོ་འགག་ཆེད་དུ་ཞི་བདེ་དང་དམངས་འཚོའི་བདེ་རྩ་དོན་གཉེར་མཐའ་འཁྱོངས་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།