ཤིན་ཅང་དབྱི་ཉིང་དུ་མེ་ཏོག་ཤུན་དབྱི་ཚའོ་རབ་ཏུ་བཞད་ནས་ཡུལ་སྐོར་བའི་ཡིད་དབང་འཕྲོག་པ།

ཤིན་ཅང་དབྱི་ལི་ཧ་སག་ཁེ་རང་སྐྱོང་ཀྲོའུ་དབྱི་ཉིང་རྫོང་གིས་ཡུལ་དེ་གའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས། མེ་ཏོག་ཤུན་དབྱི་ཚའོ་ཡི་ཐོན་ལས་འཕེལ་རྒྱས་ཧུར་ཐག་དང་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། ཁྱད་ལྡན་འདེབས་འཛུགས་དང་། ལས་སྣོན་ཞིབ་ཚགས། སྤྲོ་གསེང་རོལ་རྩེད་སོགས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་རྣམ་པ་ཞིག་གྲུབ་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་རམ་འདེགས་ཐུབ་ཅིང་། འདི་ནི་ཟླ་6ཚེས་13ཉིན་མེ་ཏོག་ཤུན་དབྱི་ཚའོ་རབ་ཏུ་བཞད་པའི་དབྱི་ཉིང་རྫོང་གི་ཐན་ཧྲན་མེ་ཏོག་གླིང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་པོས་མེ་ཏོག་ལ་ལྟ་བཞིན་པ།
འབྲེལ་ཡོད་གསར་འགྱུར།