དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “2026ལོའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་གཞོན་ནུ་ཆབ་སྲིད་མཁས་ཅན་གྱི་གླེང་སྟེགས”འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-06-17

    འདི་ནི་ཟླ་6ཚེས་14ཉིན་ཧུའུ་པེ་ཝུའུ་ཧན་དུ“2026ལོའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་གཞོན་ནུ་ཆབ་སྲིད་མཁས་ཅན་གྱི་གླེང་སྟེགས”ཀྱི་འགོ་ཚུགས་མཛད་སྒོ་འཚོག་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཀྲུང་གུང་ཧུའུ་པེ་ཞིང་ཨུད་ཀྱིས་མཉམ་དུ་གཉེར་བའི“2026ལོའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་གཞོན་ནུ་ཆབ་སྲིད་མཁས་ཅན་གྱི་གླེང་སྟེགས”ཧུའུ་པེ་ཝུའུ་ཧན་དུ་འགོ་ཚུགས་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“དུས་བབ་གསར་པར་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱིས་དེང་རབས་ཅན་གྱི་ལམ་བུར་མཉམ་དུ་སྐྱོད། གཞོན་ནུའི་བྱ་སྤྱོད་དང་ལེགས་སྐྱེས”ཞེས་པ་དེ་ཡིན་ཞིང་། ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་14ནས་ཡོང་བའི་སྲིད་ཏང་དང་། ཇུས་འདོན་ཚོགས་པ། དམངས་ཁྲོད་རྩ་འཛུགས་བཅས་ཀྱི་འཐུས་མི་དང་དེ་བཞིན་ཀྲུང་གོ་ཕྱོགས་ཀྱི་པུའུ་ཨུད་དང་། ས་གནས། ཁེ་ལས། ཇུས་འདོན་ཚོགས་པའི་མཁས་དབང་བཅས་ཀྱི་འཐུས་མི་100ལྷག་ཙམ་ཞུགས་ཡོད་པ་རེད།

    ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཧའེ་ཤིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ས་ཁུལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་སྲིད་ཏང་ཁག་དབར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ལ། གཞོན་ནུ་ཚོགས་པས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཐུན་མོང་ཐོག་དར་རྒྱས་ཡོང་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།

    ཚོགས་ཞུགས་ཡོ་རོབ་དབུས་ཤར་གྱི་འཐུས་མིས། ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་གཞོན་ནུ་ཆབ་སྲིད་མཁས་ཅན་གྱི་གླེང་སྟེགས་ཀྱི་དགེ་མཚན་ལྡན་པའི་ནུས་པར་ཚད་མཐོའི་གདེང་འཇོག་བྱས་ནས་ཀྲུང་གོ་ཕྱོགས་དང་ལྷག་བསམ་ཟོལ་མེད་དང་དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་བྱས་ནས་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་དང་ཀྲུང་གོའི་དབར་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་དང་འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།