དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལྷོ་སྣེའི་ཕྱེད་གླིང་དུ་དྲོད་ཚད་རྒྱུན་གཏན་ལས་ཧྲེ་ཧྲི་ཏུའུ་20ལྷག་ཙམ་གྱིས་མཐོ་བ་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-06-17

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་གློག་འཕྲིན་འབྱོར་གསལ། ཨ་ཀེན་ཐིན་གྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་དྲུག་པའི་ཟླ་འགོར། ལྷོ་སྣེའི་ཕྱེད་གླིང་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་15.4ལྷག་ཙམ་ཟིན་ནས་རྒྱུན་གཏན་ལས་ཧྲེ་ཧྲི་ཏུའུ་20ལྷག་ཙམ་གྱིས་མཐོ་བ་ཡོད་པ་དེས་ལོ་རྒྱུས་ཀྱི་དུས་མཚུངས་ཟིན་ཐོ་གསར་པ་བཏོད་པ་མ་ཟད། འཁྱགས་རོམ་རྒྱུན་གཏན་ལས་བཞུར་མགྱོགས་སུའང་ཕྱིན་ཡོད།

    ཚེས་6ཉིན་ཨ་ཀེན་ཐིན་གྱི་ཨའེ་སི་ཕེ་ལན་སཱ་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ས་ཚིགས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་ལས། ཉིན་དེར་ལྷོ་སྣེའི་ཕྱེད་གླིང་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་15.4ཟིན་ནས་ལོ་རྒྱུས་ཐོག་ཟླ་དྲུག་པའི་ཉིན་དེ་རང་གི་དྲོད་ཚད་མཐོ་ཤོས་ཀྱི་ཟིན་ཐོ་སྟེ། 1998ལོར་ཐོ་བཀོད་པའི་དྲོད་ཚད་ཧྲེ་ཧྲི་ཏུའུ་13.3ལས་བརྒལ་བ་མངོན་ཡོད།

    ཚེས་11ཉིན་ཨ་ཀེན་ཐིན་རྒྱལ་ཁབ་གནམ་གཤིས་ཅུས་ཀྱི་རིགས་གཅིག་མཁས་ཅན་ཧོ་སའེ·ལུའུ་དབྱི་སི·སི་ཐེ་ལཱ་ཡིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ད་ལོའི་ཟླ་དྲུག་པའི་ཟླ་འགོར་ལྷོ་སྣེའི་ཕྱེད་གླིང་དང་བར་ཐག་ཉེ་བའི་ཨ་ཀེན་ཐིན་གྱི་ས་གནས་ཁག་གི་དྲོད་ཚད་སྤྱི་ཡོངས་ནས་མཐོ་རུ་སོང་ཡོད་ནའང་། ལྷོ་སྣེའི་ཕྱེད་གླིང་གི་དྲོད་ཚད“རྒྱུན་གཏན་ལས་ཧྲེ་ཧྲི་ཏུའུ་20ལྷག་ཙམ་གྱིས་མཐོ་བ་ཡོད་པ་ནི་རྒྱུན་གཏན་མིན་པའི་སྣང་ཚུལ་ཞིག་རེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།