ཏོག་ཙམ་སྒུགས་དང་། སྣུམ་རིན་ཆག་པ་འདུག
ཉེ་དུས་རྒྱལ་སྤྱིའི་སྣུམ་རིན་ཆག་ཚད་མང་བ་དང་འཕར་ཚད་ཕྲན་བུ་ལས་མེད་པས། ད་ལྟ་མ་བཅོས་རྡོ་སྣུམ་གྱི་རིན་གོང་ཆག་ཚད་-3.70%ལས་བརྒལ་ཡོད་པ་དང་། སྔོན་དཔག་བྱས་ན་སྣུམ་རིན་ཏུན་རེར་སྒོར་270ཆག་གི་ཡོད། མིག་སྔའི་སྣུམ་རིན་འཕར་ཆག་གི་འགྱུར་ལྡོག་ལ་གཞིགས་ན། ཟླ་6ཚེས་18ཉིན་གྱི་ཆུ་ཚོད་24ནས་བཟུང་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཧྲེང་རེར་མུ་མཐུད་སྒོར་0.21ནས་0.24བར་ཆག་གི་ཡོད་པ་རེད།
དོ་སྣང་བྱེད་དགོས་པ་ཞིག་ལ། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ན། རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་དེ་ལས་ཀའི་ཉིན་10རེར་འགྱུར་ལྡོག་ཐེངས་རེ་གཏོང་གི་ཡོད་པ་དང་། རིན་གོང་འཕར་ཆག་གི་དུས་ཚོད་དེ་ཁྱབ་བསྒྲགས་བྱས་རྗེས་ཀྱི་ཆུ་ཚོད་24ཡི་རྗེས་ནས་བརྩི་གི་ཡོད།
འབྲེལ་ཡོད་གསར་འགྱུར།