ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཁབ་ལྕགས་ལམ་ནས་དངོས་ཟོག་ཏུན་དུང་ཕྱུར་16.7སྐྱེལ་འདྲེན་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཁབ་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་དུང་ཕྱུར་16.7སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་1.8%འཕར་བ་དང་། ཉིན་རེར་ཆ་སྙོམས་མེ་འཁོར་ཁྲི་18.63ནང་དོ་པོ་བླུགས་པ་དེ་དུས་མཚུངས་ལས་2.8%འཕར་ཞིང་། ཟླ་5ཚེས་2ཉིན་མེ་འཁོར་ཁྲི་20.24ཡི་ནང་དོ་པོ་བླུགས་ནས་ཉིན་རྐྱང་པའི་དོ་པོ་བླུགས་པའི་མེ་འཁོར་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ལྕགས་ལམ་སྡེ་ཚན་གྱིས་ཀྲུང་གོའི་སྣ་མང་མཉམ་འདྲེན་འཕེལ་རྒྱས་མནའ་འབྲེལ་གྱི་ནུས་པ་བཏོན་ནས་ལྕགས་ལམ་དང་མཚོ་ལམ་གྱི་སྣ་མང་མཉམ་འདྲེན་འཕེལ་རྒྱས་ཤུགས་ཆེན་བཏང་བས་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཁབ་ལྕགས་ལམ་དང་ཆུ་ལམ་གྱི་མཉམ་འདྲེན་བྱེད་ཚད་ཚད་ལྡན་དོས་སྒམ་ཁྲི་758ཟིན་པ་དེ་དུས་མཚུངས་ལས་11.0%འཕར་བ་དང“མངགས་ཐོ་གཅིག”གི་ཟོག་འགྲུལ་ཐོན་རྫས་རིམ་རྩིས་བརྒྱབ་ན་ཚད་ལྡན་དོས་སྒམ་ཁྲི་4.7མངགས་ཉོ་བྱས་པར་ཁྲོམ་རའི་ཐོག་དགའ་བསུ་ཐོབ་ཡོད། ཚོང་སྒྱུར་རླངས་འཁོར་སྐྱེལ་འདྲེན་ཞབས་ཞུ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གཞུང་ལམ་དང་མཚོ་ཐོག་སྐྱེལ་འདྲེན་སྦྲེལ་མཐུད་ནུས་ལྡན་བྱས་པར་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་ཕྱིར་གཏོང་ཚོང་སྒྱུར་རླངས་འཁོར་ཁྲི་82.4དབོར་བ་དེ་55.5%འཕར་བའི་ནང་ནུས་གསར་རླངས་འཁོར་ཁྲི་42.2ཟིན་ནས་དུས་མཚུངས་ལས་110.3%འཕར་ཏེ་ཀྲུང་གོའི་རླངས་འཁོར་ཁེ་ལས་ལ་ཐོན་རྫས་ཕྱིར་གཏོང་གི“མགྱོགས་ལམ”བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།