རྒྱལ་ཡོངས་སུ་དབྱར་གྲོ་85%བསྡུས་ཟིན་པ།

འདི་ནི་ཉེ་ཆར་ཧྲན་ཏུང་ཞིང་ཆེན་ལེའོ་ཁྲེང་གྲོང་ཁྱེར་ཁྲི་ཕིང་ཆུས་པོ་ཕིང་གྲོང་རྡལ་དུ་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་གྱིས་གཅིག་སྡུད་ཐོག་གྲོ་རྔ་བཞིན་པ།
ཚེས་13ཉིན་གྱི་ཆུ་ཚོད་17བར། རྒྱལ་ཡོངས་སུ་དབྱར་གྲོ་མུའུ་དུང་ཕྱུར་2.88བསྡུས་ཟིན་ནས་བསྡུ་ཚད་85%ཟིན་པ་དང་། ཉིན་དེ་རང་ལ་མུའུ་ཁྲི་1011བསྡུས་ཟིན་པ་དང་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་13.37སྤྱད་པ་རེད།
གྲོ་བསྡུ་ཚད་ཀྱི་འཕེལ་རིམ་གསར་ཤོས་ལ་བལྟས་ཚེ། ཅང་སུའུ་རུ་གྲོ་སྤྱིར་ན་བསྡུས་ཟིན་པ་དང་། ཧྲན་ཏུང་དུ་བསྡུ་ཚད་བཅུ་ཆ་བརྒྱད་ལྷག་ཙམ་ཟིན་པ། ཧོ་པེ་རུ་བསྡུ་ཚད་བཅུ་ཆ་བདུན་ཙམ་ཟིན་པ། ཧྲའན་ཤིས་སུ་བསྡུ་ཚད་བཅུ་ཆ་དྲུག་དང་ཕྱེད་ཀ་ལྷག་ཙམ་ཟིན་པ། ཧྲན་ཤིས་སུ་བསྡུ་ཚད་བཅུ་ཆ་ལྔ་ལྷག་ཙམ་ཟིན་པ། ཤིན་ཅང་དང་ཀན་སུའུ་རུ་ཐར་ཐོར་དུ་བསྡུ་བཞིན་ཡོད་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།