དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་བགྲོད་ལམ་དབུས་མར་རིམ་རྩིས་བརྒྱབ་ན་མེ་འཁོར་ཤར་གཏོང་ཐུབ་ཚད་ཁྲི་2.5ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-16

    འདི་ནི་ཨེར་ལན་ཧའོ་ཐེ་ལྕགས་ལམ་འགག་སྒོའི་ཚད་ལྡན་ལྕགས་ལམ་ཁུལ་དུ་དངོས་ཟོག་བླུགས་པའི་མེ་འཁོར་གཏོང་རྩིས་བྱེད་བཞིན་པ།

     གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཧུའུ་ཧོ་ཧའོ་ཐེ་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་12ཉིན་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་བགྲོད་ལམ་དབུས་མར་རིམ་རྩིས་བརྒྱབ་ན་མེ་འཁོར་ཤར་གཏོང་ཐུབ་ཚད་ཁྲི་2.5ལྷག་ཙམ་ཟིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཨེར་ལན་ཧའོ་ཐེ་ལྕགས་ལམ་འགག་སྒོ་ནི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་བགྲོད་ལམ་དབུས་མའི་འགག་སྒོ་གཅིག་པུ་དེ་རེད། གྲངས་གཞི་ལས་མངོན་པར། 2013ལོར་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་ཤར་གཏོང་ཐུབ་ཚུན་འགག་སྒོར་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་ཚད་ལོ་རེ་བཞིན་མང་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།