གོང་དཀར་གནམ་ཐང་དུ་འགྲུལ་སྐྱེལ་དང་ཟོག་འདྲེན་བྱེད་ཚད་གཉིས་ཀ་འཕར་བ།
འདི་ལོ་ནས་བཟུང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཁོངས་སུ་གཏོགས་པའི་གོང་དཀར་གནམ་ཐང་འགག་སྒོ་ལས་ཁུངས་ཀྱིས་ས་མཐོའི་བར་སྣང་སྒོ་དབྱེའི་བགྲོད་ལམ་རྒྱུན་མཐུད་ངང་ཤར་གཏོང་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་མཁའ་ལམ་མང་དུ་གཏོང་བ་དང་ལེགས་སུ་གཏོང་བ། རིག་ལྡན་འགག་སྒྲོལ་གྱི་ཞབས་ཞུ་རིམ་སྤོར་བཅས་བྱས་ཏེ་གོང་དཀར་གནམ་ཐང་གི་འགྲུལ་སྐྱེལ་དང་ཟོག་འདྲེན་བྱེད་ཚད་གཉིས་ཀ་འཕར་བར་སྐུལ་འདེད་བཏང་བས་འགག་སྒོ་སྒོ་འབྱེད་པའི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་ཡོད།
གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་གོང་དཀར་གནམ་ཐང་འགག་སྒོ་ལས་ཁུངས་ཀྱིས་རིམ་རྩིས་བརྒྱབ་ན་ལྟ་འདོམས་བྱས་པའི་རྒྱལ་མཚམས་འཛུལ་གྲོལ་བྱེད་མཁན་གནམ་གྲུ་ཐེངས་235ཟིན་པ་དང་། རྒྱལ་མཚམས་འཛུལ་གྲོལ་བྱེད་མཁན་འགྲུལ་པ་མི་ཐེངས་4690ཟིན་པ། དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་2027ཟིན་པ་དེ་དག་དུས་མཚུངས་ལས་13.5%དང་། 47.4% 8.9%སོ་སོར་འཕར་ཡོད་ཅིང་། འགག་སྒོའི་འགྲུལ་སྐྱེལ་དང་ཟོག་འདྲེན་གྱི་ལས་སྒོ་བརྟན་པོའི་ངང་འཕར་ནས་ས་མཐོའི་བར་སྣང་གི་ལྟེ་གནས་གཙོ་བོའི་ནུས་པ་སྔར་བས་མངོན་གསལ་དོད་དུ་སོང་ཡོད།
འགག་སྒོའི་ལྟ་འདོམས་ཀྱི་བདེ་འཇགས་དང་འགག་སྒོ་སྒྲོལ་བར་སྟབས་བདེ་ཡོང་ཆེད། གོང་དཀར་གནམ་ཐང་འགག་སྒོས་རིག་ལྡན་འགག་སྒོ་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་བརྟེན་ནས་འགག་སྒོ་སྒྲོལ་བའི་བརྒྱུད་རིམ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།