དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་དང་ཀྲེ་ཅང་དབར་ལྗང་མདོག་གློག་ཤུགས་ཆུ་ཚོད་ཆན་ཝ་ཁྲི་223ཉོ་ཚོང་ཐོག་མར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-16

    ཉེ་ཆར། པེ་ཅིང་གློག་ཤུགས་ཉོ་ཚོང་ལས་སྟེགས་ཀྱིས་ཟླ་བ་གཅིག་གི་ནང་ཞིང་ཆེན་དབར་གྱི་ལྗང་མདོག་གློག་ཤུགས་ཉོ་ཚོང་བྱས་འབྲས་ཁྱབ་བསྒྲགས་བྱས་པར་གཞིགས་ན། བོད་ལྗོངས་དང་ཀྲེ་ཅང་དབར་ས་ཁུལ་ལས་བརྒལ་བའི་ལྗང་མདོག་གློག་ཤུགས་ཉོ་ཚོང་ཐོག་མར་བདེ་བླག་ངང་བྱས་པ་དང་། ཉོ་ཚོང་གློག་ཆུ་ཚོད་ཆན་ཝ་ཁྲི་223ཟིན་ནས་བོད་ཀྱི་ནུས་རྒྱུ་གསར་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒལ་བའི་འདྲེན་སྤྱོད་ནུས་ལྡན་ཡོང་ཆེད་ཐབས་ལམ་གསར་པ་བཏོད་ཡོད།

    ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་ཉོ་ཚོང་ཐད་ས་ཁོངས་བརྒལ་བའི་གློག་གཏོང་བགྲོད་ལམ་གྱི་ཉིན་གུང་འོད་ཤུགས་ཆེར་འདོན་དུས་མཚམས་ཀྱི་གློག་གཏོང་བར་མཐོངས་ལྷག་མ་བརྩོན་ལེན་གང་ལེགས་བྱས་ཏེ། གཅིག་སྡུད་ཧབ་གོང་གི་རྣམ་པ་སྤྱད་ནས་ལྗང་མདོག་གློག་ཤུགས་མཁོ་སྤྲོད་གནད་སྨིན་སྙོམ་སྒྲིག་ཐུབ་ཡོད། མཚོ་བོད་ཐད་རྒྱུག་ནས་ཆིང་ཏུང་ཐད་རྒྱུག་དང་ཤིས་ཐའེ་ཐད་རྒྱུག་བར་གྱི་གློག་ལམ་བརྒྱུད་བོད་ཀྱི་ཉིན་མོའི་ནུས་རྒྱུ་གསར་པ་ལྷག་མ་ཀྲེ་ཅང་དུ་སྐྱེལ་འདྲེན་བྱས་པས་ནུས་རྒྱུ་གསར་པ་འདྲེན་སྤྱོད་ཀྱི་ལས་ཕྱོད་དང་བགྲོད་ལམ་སྤྱོད་ཚད་ནུས་ལྡན་ངང་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།