བོད་ཀྱི་རྩ་ཆེའི་ཉ་ཕྲུག་ཁྲི་23.1ཡར་ཀླུང་གཙང་པོར་གློད་པ།
ཉེ་ཆར། ཧྭ་ནུས་བོད་ལྗོངས་ཡར་ཀླུང་གཙང་པོའི་ཆུ་གློག་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིས་ཡར་ཀླུང་གཙང་པོའི་རྒྱ་ཚ་དུམ་བུར་བོད་ཀྱི་རྩ་ཆེའི་ཡུལ་སྐྱེས་ཉ་ཕྲུག་ཁྲི་23.1རང་བྱུང་ཆུ་གཞུང་དུ་གློད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྐྱེ་འཕེལ་དང་གློད་པའི་ཉ་ཕྲུག་ཚང་མ་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་དམིགས་བསལ་ཉ་རིགས་ཤ་སྟག་ཡིན་པ་དེའི་ནང་ཉ་རིགས་རྩ་ཆེན་7ཚུད་ཡོད་པས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་དོ་སྙོམས་རྒྱུན་འཁྱོངས་ཐུབ་རྒྱུར་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་ཡོད། དེ་དང་ཆབས་ཅིག ཀུང་སི་དེས་མིག་སྔའི་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཉ་རིགས་སྐྱེ་འཕེལ་གློད་གཏོང་ས་ཚིགས་ལ་བརྟེན་ནས། མཐོ་སློབ་དང་ཆེད་ལས་ཚན་ཞིབ་ཁང་དང་མཉམ་འགུལ་བྱས་པ་བརྒྱུད་ས་མཐོའི་ཆུ་གྲང་ཉ་མི་ཐབས་ལ་བརྟེན་ནས་སྐྱེ་འཕེལ་དང་། གསོ་སྤེལ། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ལག་རྩལ་གྱི་དཀའ་གནད་མང་པོ་མུ་མཐུད་སེལ་བ་དང་། རྩ་ཆེའི་ཉ་རིགས་གཞི་ཁྱོན་ཅན་གྱི་སྐྱེ་འཕེལ་གྱི་འཇུར་མིག་སེལ་བ། འཁོར་རྒྱུག་ཧྲིལ་པོའི་ཆུ་གསོའི་མ་ལག་སྐྲུན་པ་བཅས་བྱས་ཏེ་རྩ་ཆེའི་ཡུལ་སྐྱེས་ཉ་རིགས་སྣ་ཚོགས་ཀྱི་གྲངས་འབོར་དང་ཐོན་ཚད་བརྟན་པོ་ཡོང་བ་བྱེད་རྩིས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།