“ལས་ཁུངས་དང་སློབ་གྲྭར་གསར་བརྗེའི་གཏམ་རྒྱུད་སྒྲོག་འགྲེལ”གྱི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ།
ཚེས་10ཉིན། ལྷ་སར་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་མཛུབ་ཁྲིད་དང་། རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་གཙོ་གཉེར། རང་སྐྱོང་ལྗོངས་སློབ་གསོ་ཐིང་སོགས་ཚན་པས་གཞོགས་འདེགས་བཅས་བྱས་པའི“ལས་ཁུངས་དང་སློབ་གྲྭར་གསར་བརྗེའི་གཏམ་རྒྱུད་སྒྲོག་འགྲེལ”གྱི་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། ལྗོངས་ཕྱི་ནང་གི་གསར་བརྗེའི་གཏམ་རྒྱུད་འགྲེལ་བཤད་པ་ཕུལ་བྱུང་ས་ཡུལ་དངོས་སུ་འཛོམས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་དམིགས་ཏེ་སྒྲོག་འགྲེལ་བྱས་པ་དང་། ལྷ་ས་གྲོང་ཁྱེར་ལས་ཁུངས་ཀྱི་ལས་བྱེད་པ་དང་སློབ་གྲྭར་ཡོད་པའི་དགེ་སློབ་ཁྱོན་མི་600ལྷག་ཙམ་གྱིས་སྒྲོག་འགྲེལ་ཉན་པ་དང་སློབ་སྦྱོང་བྱས་པ་རེད།
ད་ཐེངས་ཀྱི་སྒྲོག་འགྲེལ་ནང་དོན་ལ་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། “ལམ་གཉིས”ཀྱི་སྙིང་སྟོབས། གངས་ལྗོངས་སུ་མཐའ་སྲུང་གི་བྱས་རྗེས་དང་དེ་བཞིན་དུས་རབས་གསར་པའི་འབད་འཐབ་ཀྱི་གཏམ་རྒྱུད་བཅས་ཚུད་ཡོད་ཅིང་། གསར་བརྗེའི་ལོ་རབས་དང་། མཐའ་མཚམས་འཛུགས་སྐྲུན། མཐའ་མཚམས་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་མི་སེམས་འགུལ་བའི་བྱས་རྗེས་བཅས་གསོན་ཉམས་དོད་པོས་བརྗོད་དེ་མི་རིགས་ཁག་གི་སྐྱིད་སྡུག་མཉམ་མྱོང་དང་མཐུན་སྒྲིལ་འབད་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པ་རེད།
འབྲེལ་ཡོད་གསར་འགྱུར།