ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ཐོག་གི་རིག་ནུས་ཐོན་རྫས་གསར་པ།

ཟླ་6ཚེས་11ནས་ཚེས་16ཉིན་བར། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་འཚོགས་ཤིང་། ད་ཐེངས་ཀྱི་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ཐོག་མི་ཐབས་རིག་ནུས་དང་། བློ་རིག་ཕྱིར་སྐྱོད། རིག་ནུས་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཐོན་རྫས་གསར་པ་དང་ཉེར་སྤྱོད་གསར་པ་གཅིག་སྡུད་ཐོག་བཀྲམ་ནས་ལྟད་མོ་བ་མང་པོའི་མིག་དབང་ཅིག་ཅར་དུ་འཕྲོག་པར་བྱས་ཡོད། འདི་ནི་ཟླ་6ཚེས་12ཉིན་ལྟད་མོ་བ་ཚོས་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་བཟོ་སྐྲུན་ལས་རིགས་ཀྱི་འགྲེམས་ཁང་དུ་འཕྲུལ་མིའི་ཞབས་བྲོར་ལྟ་བཞིན་པ།
འབྲེལ་ཡོད་གསར་འགྱུར།