དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་མང་པོས་མཉམ་རོགས་བྱས་ཏེ་ཁུལ་བརྒལ་ཤར་བགྲོད་དང“ས་སྣུམ་གཤམ་སྤྲོད”སོགས་ཀྱི་འགན་སྲུང་ཞབས་ཞུ་རྒྱུན་མཐུད་ལེགས་སུ་བཏང་སྟེ།

    “དབྱར་གསུམ”རིང་ལོ་ཏོག་མགྱོགས་མྱུར་བསྡུ་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཡུས་ཅིང་ཞན། ཝང་ཡུན་ཧྲན།   |     སྤེལ་དུས།  2026-06-15

    “ཞིང་འཕྲུལ་དུས་ཐོག་ལ་འབྱོར་བས་ཉིན་3ལས་མ་འགོར་བར་མུའུ་840ཟིན་པའི་ལོ་ཏོག་ཆར་པ་ཆད་པའི་བར་གསེང་དུ་བསྡུ་ཐུབ་བྱུང”ཞེས་ཨན་ཧུའེ་ཝང་ཅང་རྫོང་ཀྲུང་ཏུང་ཁྱིམ་ཚང་ཞིང་རའི་འགན་འཁུར་བ་དབང་ཀྲུང་ཏུང་གིས་བཤད།

    ཅང་སུའུ་དང་ཨན་ཧུའེ་ཞིང་ཆེན་གཉིས་ཀྱི་དབུས་ལྷོའི་རྒྱུད་ཀྱི་ས་འབྲེལ་ཁུལ་གྱི་ས་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་10ལྷག་ཙམ་དུ་དབྱར་གྲོ་འདེབས་ཁྱོན་མུའུ་ཁྲི་2550ལྷག་ཙམ་ཟིན་ཞིང་། “དབྱར་གསུམ”རིང་ནི་ས་གནས་དེ་གར་ཆར་པ་མང་པོ་འབབ་པའི་ནམ་དུས་རེད། འདི་ལོ་ཨན་ཧུའེ་ཞིང་ཆེན་གྱིས་ཞིང་འཕྲུལ་གྱི་འཕྲལ་སྡོམ་ལས་སྒྲུབ་ཞབས་ཞུའི་རུ་ཁག་790ལྷག་ཙམ་དང་ཁྲབ་ཐག་ཅན་གྱི་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་3.3བཀོད་གཏོང་བྱས་ནས་དབྱར་འབྲུ་མགྱོགས་མྱུར་བསྡུས་པ་དང་། ཞིང་ཆེན་ནང་ཁུལ་གྱི“བྱང་འཕྲུལ་ལྷོ་སྐྱོད”སྒྲིག་འཛུགས་དང་ཆ་འཕྲིན་སྤེལ་ནས་ཨན་ཧུའེ་རུ་འཕྲུལ་འཁོར་དྲངས་ཏེ་ཉིན་རེར་མུའུ་ཁྲི་800ལྷག་ཙམ་བརྔ་བསྡུ་བྱས་པ་རེད། ཅང་སུའུ་རུ་ཀྲེན་ཅང་དང་ཐའེ་ཀྲོའུ་སོགས་གྲོ་ཉལ་སླ་བའི་ས་ཁུལ་དང་གྲོང་ཁྱེར་ལ་དམིགས་ནས་ཁྲབ་ཐག་ཅན་གྱི་བརྔ་བསྡུའི་འཕྲུལ་འཁོར་དང་སྒུལ་བདེའི་སྲོ་སྐམ་འཕྲུལ་འཁོར་བཀོད་གཏོང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོ་ཉལ་བའི་ཞིང་ཁའི་ལོ་ཏོག་མྱུར་བསྡུའི་ལས་ཕྱོད་ཆེ་རུ་བཏང་བ་རེད།

    ཟླ་6ཚེས་12ཉིན་གྱི་ཆུ་ཚོད་17བར། རྒྱལ་ཡོངས་སུ་དབྱར་གྲོ་མུའུ་དུང་ཕྱུར་2.78བསྡུས་ནས་བརྔ་བསྡུ་བྱེད་ཚད་82.01%ཟིན་ཡོད། དེ་ཉིན་མུའུ་ཁྲི་1451བསྡུས་པ་དང་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་17.08བཏང་བ་རེད། ཅང་སུའུ་ཡི་གྲོ་གཞི་རྩའི་ཆ་ནས་བསྡུ་མཇུག་འགྲིལ་བ་དང་། ཧྲན་ཏུང་དུ་བཅུ་ཆ་བརྒྱད་ཙམ་བསྡུས་ཚར་བ། ཧོ་པེ་དང་ཧྲའན་ཤིས་སུ་བཅུ་ཆ་ལྔ་དང་ཕྱེད་ཀ་ལྷག་ཙམ་བསྡུས་ཚར་བ། ཧྲན་ཤིས་སུ་བཅུ་ཆ་བཞི་ལྷག་ཙམ་བསྡུས་ཚར་བ། ཤིན་ཅང་དང་ཀན་སུའུ་རུ་ཐར་ཐོར་དུ་བསྡུ་བཞིན་ཡོད། གོང་ཚེས་ཉིན། ཧོ་ནན་གྱི་གྲོ་གཞི་ཁྱོན་ཆེན་པོས་འཕྲུལ་བསྡུ་ཟིན་པར་སྔ་རྗེས་སུ་ཉིན་13ལས་འགོར་མེད་ཅིང་། དེའི་ནང་རིམ་རྩིས་བརྒྱབ་ན་ཉིན་6བསྟུད་མར་གྲོ་མུའུ་ཁྲི་6041བརྔ་བསྡུ་བྱས་པ་དང་ཆ་སྙོམས་ཉིན་རེར་གྲོ་མུའུ་ཁྲི་1000ལྷག་ཙམ་བསྡུས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་དང་གྲོང་གསེབ་པུས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། གནམ་གཤིས། རྡོ་སྣུམ་དང་རྡོ་སྣུམ་རྫས་འགྱུར་སོགས་སྡེ་ཚན་དང་ཚན་པ་དང་མཉམ་རོགས་ལམ་སྲོལ་བཙུགས་ནས་ཞིང་འཕྲུལ་ཤར་བགྲོད་དང་། གནམ་གཤིས་སྔོན་བརྡ། ཞིང་འཕྲུལ་གྱི་ས་སྣུམ་སོགས་ཀྱི་ཞབས་ཞུ་འགན་སྲུང་མཉམ་དུ་ཡག་པོ་བསྒྲུབས་ཡོད།

    ཞིང་འཕྲུལ་ཞབས་ཞུའི་ཐད། ད་ལོའི་ཟླ་2པར་ཁུལ་བརྒལ་ལས་སྒྲུབ་ལག་ཁྱེར་ཁྲི་24སྔ་སྣུར་དུ་བཟོས་ནས་སྤྲད་པ་རེད། ཟླ་5པའི་ཟླ་དཀྱིལ་དང་ཟླ་སྨད་དུ། ཞིང་ལས་དང་གྲོང་གསེབ་པུས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་མཉམ་དུ་བརྡ་ཐོ་བཀྲམ་ནས“དབྱར་གསུམ”རིང་ཁུལ་བརྒལ་ལས་སྒྲུབ་ཀྱི་ཞིང་འཕྲུལ་སྐྱེལ་འདྲེན་ཤར་བགྲོད་ཐུབ་པར་འགན་སྲུང་བྱས་པ་དང་། མྱུར་བགྲོད་གཞུང་ལམ་གྱི་གྲོན་བསྡུའི་ས་ཚིགས་སུ་ཞིང་འཕྲུལ་གྱི་ཐོགས་མེད་བགྲོད་ལམ་5500ལྷག་ཙམ་ཤར་གཏོང་བྱས་ཏེ་ཞིང་འཕྲུལ་ཞིང་ནང་དུ་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་པ་རེད།

    གནམ་གཤིས་ཞབས་ཞུའི་ཐད། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཀྲུང་གོ་གནམ་གཤིས་ཅུས་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་ན་ནིང་མཉམ་ལས་བྱས་པའི་རྨང་གཞིའི་ཐོག་ཞིང་འཕྲུལ་གྱི་གནམ་གཤིས་སྔོན་བརྡ་དང་གནོད་འཚེའི་སྔོན་བརྡ་གཏོང་བའི་ཞབས་ཞུ་སྔར་བས་ལེགས་སུ་བཏང་བ་དང་། “དབྱར་གསུམ”རིང་ཞིང་འཕྲུལ་ལས་སྒྲུབ་ཀྱི་དགོས་མཁོར་དམིགས་ནས་ཆེད་མངགས་ཞབས་ཞུའི་ཐོན་རྫས་གསར་སྤེལ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ལས་དོན་སྤེལ་རོགས་བྱས་པ་རེད།

    ཁྲའེ་ཡིའུ་སྣུམ་མཁོ་འདོན་བྱེད་པ་ནི་ཞིང་འཕྲུལ་གྱི་ལས་ཕྱོད་དང་འབྲེལ་བ་ཡོད། ད་ལོའི“དབྱར་གསུམ”རིང་ཞིང་ལས་དང་གྲོང་གསེབ་པུས་རྡོ་སྣུམ་དང་རྡོ་སྣུམ་རྫས་འགྱུར་སོགས་སྡེ་ཚན་དང་ཚན་པ་དང་མཉམ་དུ“ས་སྣུམ་གཤམ་སྐྱེལ”དང“ཞིང་ཁར་ས་སྣུམ་སྐྱེལ་བའི”ཞབས་འདེགས་ཞུ་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་རེད།

    རྒྱལ་ཡོངས་ལ་བལྟས་ན། ཞིང་སྤྱོད་ས་སྣུམ་མཁོ་སྤྲོད་འགན་ལེན་རླངས་འཁོར་གྲོང་གསེབ་ཀྱི་ཞིང་ནང་དང་། ཐག་རིང་ལུང་ཁུག་གི་ས་ཞིང་། གཅིག་སྡུད་ལས་སྒྲུབ་ཁུལ་བཅས་སུ་བསྐྱོད་དེ“ས་སྣུམ་གཤམ་སྐྱེལ”གྱི་ཞབས་འདེགས་ཞུས་ནས་དབྱར་བསྡུའི་སྣུམ་སྤྱོད་ཀྱི“མཐའ་མའི་འགག་གནད”བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།