དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་བརྒྱད་ཀྱིས་ལྕགས་ལམ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    མེ་འཁོར་གཏོང་ཐེངས་160ཡན་གྱི་ལྕགས་ལམ་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་ཚོ་ཆུང་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-15

    ཉེ་ཆར། ཚོང་དོན་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་ལྕགས་ལམ་ཚོགས་པ་སོགས་སྡེ་ཚན་8ཀྱིས་མཉམ་དུ《ལྕགས་ལམ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞབས་ཞུའི་འཛད་སྤྱོད་རྒྱ་སྐྱེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》(གཤམ་དུ《བྱ་ཐབས་འགའ་ཞིག》ཅེས་བསྡུ་རྒྱུ)ཅེས་པ་བཀྲམ་སྟེ། ལྕགས་ལམ་ཡུལ་སྐོར་གྱི་མཁོ་སྤྲོད་གསར་པ་རྒྱ་སྐྱེད་ལ་ཤུགས་སྣོན་རྒྱག་པ་དང་སྣ་མང་རང་བཞིན་གྱི་འཛད་སྤྱོད་བྱེད་རྣམ་གསར་པ་བཏོད་ནས་ལྕགས་ལམ་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་པར་སྐུལ་འདེད་གཏོང་རྒྱུ་རེད།

    《བྱ་ཐབས་འགའ་ཞིག》ནང་ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ཡུལ་སྐོར་ཅན་དུ་སྒྱུར་བཀོད་མགྱོགས་སུ་གཏོང་བ་དང་། ལྕགས་ལམ་ཡུལ་སྐོར་ཐོན་རྫས་མ་ལག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལྕགས་ལམ་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ལྕགས་ལམ་ཡུལ་སྐོར་འཁོར་སྐྱོད་འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ། སྲིད་ཇུས་འགན་སྲུང་གི་རྒྱབ་སྐྱོར་ཤུགས་ཆེར་གཏོང་བ་བཅས་ཕྱོགས་5ནས་སྲིད་ཇུས་བྱ་ཐབས་ཁག་15བཏོན་ཏེ། ལྕགས་ལམ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་ཕན་ཚུན་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་གཏོང་བ་དང་། སྤུས་ལེགས་ཞབས་ཞུ་མཁོ་སྤྲོད་རྒྱ་སྐྱེད་གཏོང་བ། ལྕགས་ལམ་ཡུལ་སྐོར་འཛད་སྤྱོད་ཀྱི་གཏིང་ཤུགས་འདོན་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ཡག་པོ་བསྐང་རྒྱུ་རེད།

    《བྱ་ཐབས་འགའ་ཞིག》ནང་བསྟན་དོན། ཡུལ་སྐོར་མེ་འཁོར་དང་གྲགས་ཅན་IPཡི་མཚམས་སྒྲོལ་མིང་འབྲེལ་ལ་ལྕག་སྐུལ་བྱས་ཏེ། ཁྲོམ་ར་ཅན་གྱི་ཐབས་ལམ་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་མེ་འཁོར་དང་བརྗོད་དོན་གཙོ་བོའི་འཁོར་སྒྲོམ་གཏོད་རྒྱུ་དང་། 2030ལོར་སླེབས་སྐབས་རྒྱལ་ཡོངས་ཁྱབ་ཁོངས་སུ་མེ་འཁོར་གཏོང་ཐེངས་160ཡན་གྱི་ལྕགས་ལམ་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་ཚོ་ཆུང་འཛུགས་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།