དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་གིས་ཕྱིར་གཏོང་ཧྲིལ་པོའི་བསྡུར་གྲངས་བཟུང་ཚད་བཅུ་ཆ་དྲུག་ལྷག་ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-15

    གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་18.4%འཕར་བ་དེས་ཕྱིར་གཏོང་ཧྲིལ་པོའི་བསྡུར་གྲངས་བཟུང་ཚད་བཅུ་ཆ་དྲུག་ལྷག་ཟིན་ཡོད། འཐུས་སྒོ་ཚང་ཞིང་ལས་ཕྱོད་ཆེ་བའི་ཐོན་སྐྱེད་དང་མཁོ་སྤྲོད་ཀྱི་འཁོར་འབྲེལ་མ་ལག་གི་མཐུན་རྐྱེན་ལ་བརྟེན་ནས་ཀྲུང་གོའི་ཚོང་ཟོག་མཁོ་སྤྲོད་བརྟན་པོ་དང་། སྤུས་ཚད་བློས་འགེལ་ཆོག་པ། ལག་རྩལ་སྔོན་ཐོན་བཅས་བྱུང་བས་གོ་ལ་ཧྲིལ་པོར་ཁས་ལེན་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཞིང་། འདུས་གྲུབ་གློག་ལམ་ཕྱིར་གཏོང་བྱེད་ཚད་ཤུགས་ཆེར་སོང་ནས“ཐོན་གསར་གསུམ”གྱི་ཐོན་རྫས་རྒྱུན་མཐུད་ངང་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད།

    ལོ་མང་པོའི་རིང་། རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་དུས་བབ་ཀྱི་མདུན་དུ་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གྱིས་དཀའ་ངལ་ཁྱད་བསད་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་རྒྱུན་མཐུད་བྱས་ཤིང་། དངོས་ཟོག་ཉོ་ཚོང་གི་ནང་འདྲེན་དང་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་20.68ཟིན་པ་དེ་དུས་མཚུངས་ལས་15.3%འཕར་ཡོད་པ་དང་། དེའི་ཁྲོད་ནང་འདྲེན་བྱེད་ཚད་20.5%འཕར་བ་དང་ཕྱིར་གཏོང་བྱེད་ཚད11.8%འཕར་ཡོད།

    ཟླ་དང་པོ་ནས་ལྔ་པའི་བར། ནང་འདྲེན་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱིས་ཟིན་ཐོ་གསར་པ་བཏོད་ཅིང་། དེའི་ཁྲོད་མཐོ་གསར་ལག་རྩལ་གྱི་ཐོན་རྫས་ནང་འདྲེན་བྱེད་ཚད་31.2%འཕར་བ་དང་། འབོར་ཆེའི་ཚོང་ཟོག་དང་འཛད་ཟོག་ཀྱང་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་རྒྱུན་མཐུད་མངོན་ནས་ཚོང་དོན་རོགས་ཟླར་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེན་པོ་མཁོ་འདོན་བྱས་པ་དང་། སྣ་མང་ཁྲོམ་རར་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཀྲུང་གོས་གོ་ལ་ཧྲིལ་པོའི་ཁྲོམ་རར་རྒྱུན་མཐུད་ལས་ལ་གཞོལ་བ་ལས་ཚོང་དོན་བཀོད་པ་དེ་བས་དོ་སྙོམས་བརྟན་པོ་བྱུང་ཡོད། ཟླ་དང་པོ་ནས་ལྔ་པའི་བར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ནང་འདྲེན་དང་ཕྱིར་གཏོང་བྱེད་ཚད་13.6%འཕར་བ་དེས་བཟུང་བའི་བསྡུར་གྲངས་51%ལས་བརྒལ་བ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཡོ་རོབ་མནའ་འབྲེལ། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་བཅས་ཚང་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ནས་མཉམ་ལས་གཉིས་ཕན་གྱི“གྲོགས་ཚོམས”སྔར་བས་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།