རང་རྒྱལ་གྱིས་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞི་ཁག་1750ཁྱབ་བསྒྲགས་བྱས་པ།
དམིགས་ཚད་ཁྲི་2ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་བཟའ་བཅའ་སྣ་ཁ་340ལྷག་ཙམ་ལ་ཁྱབ་པ།
གསར་འགོད་པར་ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་རིམ་རྩིས་བརྒྱབ་ན་བཟའ་བཅའི་བདེ་འཇགས་ཚད་གཞི་ཁག་1750ཁྱབ་བསྒྲགས་བྱས་པ་དེ་དག་དམིགས་ཚད་ཁྲི་2ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་བཟའ་བཅའ་སྣ་ཁ་340ལྷག་ཙམ་ལ་ཁྱབ་ཡོད་པ་རེད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཟའ་བཅའ་སིའི་སི་ཀྲང་གཞོན་པ་ཀུང་གོ་ཆང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བཟའ་བཅའི་བདེ་འཇགས་ཚད་གཞི་དེ་རྒྱུན་སྤྱོད་ཀྱི་ཚད་གཞི་དང་། ཐོན་རྫས་ཀྱི་ཚད་གཞི། ཐོན་སྐྱེད་ཚད་ལྡན་གྱི་ཚད་གཞི། ཞིབ་བཤེར་བྱ་ཐབས་ཀྱི་ཚད་གཞི་བཅས་རིགས་ཆེན་པོ་བཞིར་དབྱེ་ཡོད་པ་དང་། མ་བཅོས་རྒྱུ་ཆ་ནས་ཐོན་སྐྱེད་བར་དང་། སྐྱེལ་འདྲེན་ནས་ཉར་ཚགས་བར། ས་ཞིང་ནས་གསོལ་ལྕོག་བར་བཅས་ཀྱི་ལྷུ་ཚིགས་ཚང་མར་ཚད་གཞི་གཞི་འཛིན་ས་ཡོད་པ་རེད། ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་མ་ལག་དེ་ཀྲུང་གོ་བའི་བཟའ་བཏུང་གོམས་གཤིས་ཀྱི་ཁྱད་ཆོས་དང་མཐུན་ལ་རྒྱལ་སྤྱིའི་སྤྱི་སྤྱོད་བྱེད་སྟངས་དང་ཡང་སྦྲེལ་མཐུད་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།