“2026ལོའི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་སྐོར་གྱི་མཐོ་རིམ་གླེང་སྟེགས”པེ་ཅིང་དུ་གཉེར་བ།
ཚེས་11ཉིན“2026ལོའི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་སྐོར་གྱི་མཐོ་རིམ་གླེང་སྟེགས”པེ་ཅིང་དུ་གཉེར་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་འགོ་ཚུགས་མཛད་སྒོར་ཞུགས་ནས་གཙོ་དོན་གཏམ་བཤད་གནང་བ་རེད།
ཚོགས་ཞུགས་སྐུ་མགྲོན་གྱིས་ངོས་འཛིན་གནང་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་ནས་2023ལོའི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་སྐོར་གྱི་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། བདེ་འཇགས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་བྱེད་པ་དང་། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ། མཉམ་ལས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཀྲུང་གོའི་འདོད་ཚུལ་བཏོན་གནང་ཡོད། ཀྲུང་གོས་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་པ་དང་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི་དུས་ཐེངས་4ལག་བསྟར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད།
ཚོགས་ཞུགས་སྐུ་མགྲོན་གྱིས་གསུངས་དོན། མིག་སྔར་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་རྙོག་འཛིང་མཉམ་དུ་གནས་ཡོད་པས་འགྲོ་བ་མིའི་ཐོབ་ཐང་མངོན་འགྱུར་ལ་འགྲན་སློང་དྲག་པོ་འཕྲད་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གིས་མཉམ་དུ་འབད་བརྩོན་བྱས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཤེས་དཔལ་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་དགོས། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་འཛམ་གླིང་ཞི་བདེ་དང་བདེ་འཇགས་མཉམ་དུ་སྲུང་སྐྱོང་བྱེད་དགོས།
ད་ཐེངས་ཀྱི་གླེང་སྟེགས་ལ“ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་། འགྲོ་བ་མིའི་ཐོབ་ཐང་མཉམ་སྤྱོད་བྱེད། 《འཕེལ་རྒྱས་དབང་ཆའི་བསྒྲགས་གཏམ》གྲོས་འཆམ་བྱུང་ནས་ལོ་ངོ་40འཁོར་བ་དང་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་སྐོར་གྱི་རེ་འདོད་གསར་པ”བརྗོད་དོན་གཙོ་བོར་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་ཕྱི་འབྲེལ་པུས་མཉམ་དུ་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་བརྒྱ་ལྷག་ཙམ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་ཚུད་པའི་རྒྱལ་སྤྱིའི་རྩ་འཛུགས་ནས་ཡོང་བའི་ཀྲུང་ཕྱིའི་སྐུ་མགྲོན་400ལྷག་ཙམ་ཚོགས་འདུར་ཞུགས་ནས་བགྲོ་གླེང་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།