དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་འགོ་ཚུགས་པ།

    གསར་བརྗེའི་གློག་བརྙན་རྩེ་གྲ་སྟོན་པའི་བྱེད་སྒོ་ཟླ་འདིར་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-15

    འདི་ནི་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སི་ཕིང་གློག་བརྙན་ཁང་དུ་ལྟད་མོ་བས་གློག་བརྙན་དུས་ཆེན་རིང་སྤེལ་བའི“འོད་བརྙན་ལས་ཐོག་མའི་བསམ་འདུན་མངོན་པའི”གསར་བརྗེའི་གློག་བརྙན་རྩེ་གྲ་སྟོན་པའི་བྱེད་སྒོའི་གནས་ཚུལ་ལ་ཤེས་རྟོགས་བྱེད་བཞིན་པ།

    འདི་ནི་ཧྲང་ཧའེ་གྲོང་ཁྱེར་ཧུང་ཁོའུ་ཆུས་གཙང་འགྲམ་བྱང་མར་གྲོང་མི་དང་ཡུལ་སྐོར་བས་གློག་བརྙན་དུས་ཆེན་གྱི“གློག་བརྙན་གྲོང་ཁྱེར”གྱི་དྲན་རྟེན་པར་རྒྱག་སར་པར་རྒྱག་བཞིན་པ།

    ཚེས་12ཉིན་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ཉེར་བརྒྱད་པ་འགོ་ཚུགས་པ་རེད།

    ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཡིན་ཞིང་། སྐབས་འདིའི་གློག་བརྙན་དུས་ཆེན་ཐོག“མཛེས་སྡུག་ལྡན་པའི་རི་ཀླུང”སྟོན་པའི་ནང་དོན་ཇུས་འགོད་བྱས་ནས་རྒྱ་སྐད་ཀྱི་བརྩམས་ཆོས་རྩེ་གྲ་དང་མི་གསར་གྱི་བརྩམས་ཆོས་ཡག་པོ་15ལེགས་འདེམས་བྱས་ཏེ་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་མཚོན་པར་བྱས་ཡོད། གསར་བརྗེའི་གློག་བརྙན་རྩེ་གྲ་སྟོན་པའི་བྱེད་སྒོ་མང་པོ་ཟླ་འདིར་ཧྲང་ཧའེ་རུ་སྤེལ་ཞིང་། “འོད་བརྙན་105 ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་གསར་བརྗེའི་གློག་བརྙན་གྱི་བརྡ་སྦྱོར་འགྲེམས་སྟོན”སོགས་ཟུར་ཚད་མང་པོའི་ཐོག་ནས་གསར་བརྗེའི་སྙིང་སྟོབས་མངོན་པར་བྱས་ཡོད།

    སྐབས་འདིའི་གློག་བརྙན་དུས་ཆེན་ཐོག་རྒྱལ་ཁབ་དང་ས་ཁུལ་125ཡིས་ཐོ་བཀོད་བྱས་པའི་གློག་བརྙན་པར་གཞི་4100ཙམ་འབྱོར་བ་དང་། དེའི་ནང་མིང་ཐོ་འགོད་ཐེངས་དང་པོ་ཡིན་པའི་ཀག་ན་དང་མོ་ཙམ་པི་ཁེ་སོགས་རྒྱལ་ཁབ་ཀྱི་གློག་བརྙན་པར་གཞི་ཡང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།