དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀོང་ཤིས་འགག་སྒོའི་རྒྱལ་སྒྲོལ་རིག་གནས་དང་ཡུལ་སྐོར་ཚོང་དོན་ལ་འཕེལ་རྒྱས་ཀྱི་དཔྱིད་དཔལ་བཞད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲུའུ་ཅ་ཆི།   |     སྤེལ་དུས།  2026-06-15

    “ལོ་འདི་དག་ནང་། ནན་ཉིང་གི་ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་འགག་སྒོ་སྒྲོལ་བདེ་རུ་གང་ལེགས་ཕྱིན་ཡོད། དྲ་ཐོག་ནས་སྔ་སྣུར་དུ་རྒྱལ་མཚམས་ནང་འཛུལ་བའི་འགྲོ་ལུགས་གཉེར་ཚེ། འགག་སྒོ་སྒྲོལ་སྐབས་རྩ་གཉིས་ཨང་རྟགས་བསྟན་ན་འགག་སྒོ་མགྱོགས་མྱུར་སྒྲོལ་ཐུབ”ཅེས་ནན་ཉིང་དུ་འབྱོར་མ་ཐག་པའི་མ་ལེ་ཞི་ཡའི་ཡུལ་སྐོར་བ་ཀྲང་ཅུན་ཅེ་ཡིས་བརྗོད།

    ཀོང་ཤིས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ད་ལོའི་དུས་ཚིགས་དང་པོར། ཀོང་ཤིས་ལྗོངས་ཡོངས་ཀྱི་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་434.7དང་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད(གནམ་གྲུ་དང་། གྲུ་གཟིངས། མེ་འཁོར་བཅས)ཁྲི་47.8ཟིན་པ་དེ་དུས་མཚུངས་ལས་19.7%དང་15.5%སོ་སོར་འཕར་ནས་གྲངས་གཞི་དེས་ཉེ་བའི་ལོ་ཤས་རིང་གི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    དུས་ཚིགས་དང་པོར། ཀོང་ཤིས་ཀྱིས་རྒྱལ་ཁབ་ཁག་གི་ཡུལ་སྐོར་བའི་ཡིད་དབང་རྒྱུན་མཐུད་བཀུག་ནས་ཝེ་ཐེ་ནམ་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཡུལ་སྐོར་བ་རྒྱལ་མཚམས་བསྒྲལ་ནས་ཡུལ་སྐོར་དུ་ཡོང་བའི་ཚ་རླབས་འཕྱུར་བར་སྐུལ་ཁྲིད་བྱས་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འགྲུལ་པ་མང་ཤོས་ཀྱི་མཐའ་རྒྱུད་སྐམ་ལམ་འགག་སྒོ་སྟེ། ཏུང་ཤིན་འགག་སྒོས་ད་ལོའི་དུས་ཚིགས་དང་པོར་ཝེ་ཐེ་ནམ་གྱི་ཡུལ་སྐོར་ཚོགས་པ་3200ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་གྲངས་ན་ནིང་ལས་ཉིན་14ཡི་སྔ་སྣུར་དུ་མི་ཐེངས་ཁྲི་200ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ་དེ་དུས་མཚུངས་ལས་མངོན་གསལ་དོད་པོས་འཕར་ཡོད།

    ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཟོག་འདྲེན་བྱེད་མང་ཤོས་ཀྱི་མཐའ་རྒྱུད་སྐམ་ལམ་འགག་སྒོ་སྟེ། མཛའ་གྲོགས་འགག་སྒོའི་འགག་སྒྲོལ་མ་ལག་རྒྱུན་མཐུད་རིམ་སྤོར་བྱས་པ་དང་། 2024ལོའི་ཟླ་4པར། ཟོག་བཤེར་བགྲོད་ལམ་ཁག་6ནས་12བར་རྒྱས་སྐྲུན་བྱས་པ་དང་། 2025ལོའི་ཟླ་6པར་བགྲོད་ལམ་ལ་སྒྱུར་བཀོད་གང་མགྱོགས་བྱས་པས། མཁྲེགས་ཆས་རིམ་སྤོར་དང་བརྒྱུད་རིམ་བསྐྱར་བཟོ་ལས་འགྲོ་སྐྱོད་ནུས་པ་ལྡབ་འཕར་བྱུང་ཡོད། མཛའ་གྲོགས་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་རླངས་འཁོར་ལ་མཐའ་མཚམས་ཞིབ་བཤེར་བྱེད་པའི་འགག་སྒྲོལ་མགྱོགས་ལམ་མ་ལག་དེ་ཚོང་དོན་པུས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི“ལག་ལེན་གྱི་དཔེ་མཚོན་ཡག་ཤོས”སུ་བདམས་པ་དང་མིག་སྔར་རྒྱལ་ཡོངས་ཀྱི་ས་གནས་མང་པོའི་འགག་སྒོར་ཁྱབ་གདལ་གཏོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།