དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོར་ཡོད་པའི་ཕྱི་སྦྱོང་སློབ་མའི་རྫོགས་ལྡན་དུས་བཟང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-15

    ⇑ བྱང་ཕྱོགས་མི་རིགས་སློབ་ཆེན་རྒྱལ་སྤྱིའི་སློབ་གསོ་སློབ་གླིང་གི་ཕྱི་སྦྱོང་སློབ་མས་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་མི་ཉག་ཆུས་ལུའུ་ཧྭ་ཀྲོའུ་སྡེ་ཁུལ་དུ་ས་གནས་དེ་གའི་ཡུལ་མི་དང་མཉམ་དུ་དབྱང་ཀོ་ཞབས་བྲོ་འཁྲབ་བཞིན་པ།

    ⇑ ཨན་ཧུའེ་ཞིང་ཆེན་ཧའོ་ཀྲོའུ་གྲོང་ཁྱེར་ཝུའེ་ཝུའུ་ཐང་ཆེན་དུ་ཧྥ་རན་སེ་ནས་ཡོང་བའི་ཕྱི་སྦྱོང་སློབ་མས་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་ཞོགས་པའི་ལུས་སྦྱོང་རྩེ་བཞིན་པ།

    ⇑ ཀུའེ་ཀྲོའུ་ཞིང་ཆེན་རྟེན་མཛོད་ཁང་དུ་ཕྱི་སྦྱོང་སློབ་མས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་ངོམ་སྟོན་Tདབྱིབས་ལས་སྟེགས་སུ་ཤོམ་སྟོན་བྱེད་བཞིན་པ།

    ⇑ ཅང་སུའུ་ཞིང་ཆེན་ཅུས་རུང་གྲོང་ཁྱེར་པའེ་ཐུའུ་གྲོང་རྡལ་པི་ཤང་གྲོང་ཚོའི་ཇ་ཞིང་ར་བ་ཞིག་ཏུ་ཕྱི་སྦྱོང་སློབ་མས་ཇ་ལོ་འཐུ་བཞིན་པ།

    ⇑ ཧྥུའུ་ཅན་ཞིང་ལས་ནགས་ཚལ་སློབ་ཆེན་རྒྱལ་སྤྱིའི་ཤ་མོ་གསོ་རྩྭ་ལས་གྲྭ་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཧྥུའུ་ཅན་ཞིང་ལས་ནགས་ཚལ་སློབ་ཆེན་རྒྱལ་སྤྱིའི་ཤ་མོ་གསོ་རྩྭ་ལྡུམ་རར་རུ་ཝང་ཏ་ནས་ཡོང་བའི་ཕྱི་སྦྱོང་སློབ་མར་ཤ་མོ་གསོ་རྩྭའི་རིགས་ཏེ་འདམ་མྱུག“གཡུ་གཞོང་ཨང་དང་པོའི”སྐྱེ་འཚར་སྐོར་ངོ་སྤྲོད་བྱེད་བཞིན་པ།

    ⇑ ཀྲེ་ཅང་ཅིན་ཧྭ་ལས་རིགས་ལག་རྩལ་སློབ་ཆེན་དུ་ཕྱི་སྦྱོང་སློབ་མས་འཕྲུལ་མི་དང་མཉམ་དུ་ཀྲུང་གོའི་དྲག་རྩལ་རྩེ་བཞིན་པ།

    ⇑ ལྷོ་ནུབ་སློབ་ཆེན་གྱི་རྟེན་མཛོད་ཁང་དུ་ཕྱི་སྦྱོང་སློབ་མས་རང་ཉིད་ཀྱིས་དྲས་པའི་མངོན་མིན་རིག་གནས་ཤུལ་བཞག་ཤོག་དྲས་སྟོན་བཞིན་པ།

    ⇑ ཅང་ཤིས་ཅིའུ་ཅང་སློབ་གླིང་རྒྱལ་སྤྱིའི་སློབ་གསོ་སློབ་གླིང་དུ་ཕྱི་སྦྱོང་སློབ་མས་དགེ་རྒན་གྱི་མཛུབ་ཁྲིད་འོག་ཁྲང་ཞི་སྦྱོང་བཞིན་པ།

    ⇑ ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་ཆིང་རྫོང་གི་ཁུ་ཚུར་གཞུ་རྩལ་རིམ་པ་བརྒྱད་པའི་རྒྱལ་སྤྱིའི་སྦྱོང་བརྡར་རྟེན་གཞིར་ཨུ་རུ་སུའི་སློབ་མས་ཁུ་ཚུར་གཞུ་རྩལ་སྦྱོང་བཞིན་པ།

    སློབ་རྒྱུས་སློབ་གསོ་ནས་དུས་ཐུང་སྤེལ་རེས་བར་དང་། མཐོ་རིམ་སློབ་གསོ་ནས་ལས་རིགས་སློབ་གསོའི་བར། སྲོལ་རྒྱུན་གྱི་རྒྱ་ཡིག་དང་གསོ་རིག་ཆེད་ལས་སྦྱོང་མཁན་མང་བ་ནས་མིས་བཟོས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར་སོགས་གསར་དར་རིག་ཚན་སྦྱོང་མཁན་མང་དུ་ཕྱིན་པའི་བར། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ཕྱི་སྦྱོང་སློབ་མ་སློབ་སྦྱོང་བྱེད་པར་ཡོང་ས་གལ་ཆེན་ཞིག་ཏུ་གྱུར་ཏེ། རྒྱལ་སྤྱིའི་སློབ་མ་ཀྲུང་གོར་སློབ་སྦྱོང་བྱེད་པར་འོང་རྒྱུ་དེ་བས་སྟབས་བདེ་རུ་དང་གདམ་ག་མང་དུ་ཕྱིན་ཡོད།

    ཀྲུང་གོར་སློབ་སྦྱོང་བྱེད་རིང་། ཕྱི་རྒྱལ་གྱི་སློབ་མར་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་ཚན་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཉམས་ལེན་བྱེད་པའི་རྫོགས་ལྡན་དུས་བཟང་མང་པོ་བྱུང་ཡོད། ཁོང་ཚོ་ཀྲུང་གོ་དང་ཕྱི་རྒྱལ་དབར་འབྲེལ་མཐུད་ཀྱིས་ཕན་ཚུན་དབར་གྱི་ཡིད་ཆེས་ཟབ་ཏུ་གཏོང་བའི་མཛའ་གྲོགས་ཀྱི་ཕོ་ཉར་གྱུར་པ་མ་ཟད། ཐུན་མོང་གི་ངོས་འཛིན་གཅིག་མཐུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཐག་གལ་ཆེན་ཞིག་ཏུའང་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།