ཇོ་མོ་གླང་མའི་ལྟ་དཔྱད་ཚད་འཇལ་ས་ཚིགས་ཀྱི་འགན་འཁུར་བའི་ཉིན་གཅིག

འདི་ནི་ཤིས་ཀྲེན་ཧྭ་ཡིས་ས་བབ་སྨི་4200ལྷག་ཙམ་ཟིན་པའི་ཇོ་མོ་གླང་མའི་ས་ཚིགས་སུ་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།

འདི་ནི་ཤིས་ཀྲེན་ཧྭ(གཡས)ཡིས་རིག་གཞུང་ཀྲན་ཀྲང་མཱ་ཡའོ་མིང་དང་ས་བབ་སྨི་5200ཟིན་པའི་ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེ་མོའི་གནམ་གཤིས་ལྟ་དཔྱད་ཚད་འཇལ་ས་ཚིགས་སུ་དཔྱད་ཆས་ལ་བརྟག་དཔྱད་བྱེད་བཞིན་པ།
ཤིས་ཀྲེན་ཧྭ་ནི་བོད་ལྗོངས་ཇོ་མོ་གླང་མའི་དམིགས་བསལ་རླུང་ཁམས་ཆེན་པོའི་བརྒྱུད་རིམ་དང་ཁོར་ཡུག་འགྱུར་ལྡོག་གི་རྒྱལ་ཁབ་རི་ཐང་ཚན་རིག་ལྟ་དཔྱད་ཚད་འཇལ་ཞིབ་འཇུག་ས་ཚིགས(“ཇོ་མོ་གླང་མའི་ས་ཚིགས”ཞེས་བསྡུ་རྒྱུ)ཀྱི་ལྟ་དཔྱད་ཚད་འཇལ་གྱི་འགན་འཁུར་བ་ཡིན་ཞིང་། 2013ལོ་ནས་བཟུང་ལོ་ལྟར་ཇོ་མོ་གླང་མའི་ས་ཁོངས་སུ་ཆ་སྙོམས་ཟླ་7ལྷག་ཙམ་ཚན་ཞིབ་ལས་དོན་སྤེལ་གྱི་ཡོད། ལྟ་དཔྱད་ཚད་འཇལ་ས་ཚིགས་ཀྱི་ལས་སྒོའི་འགན་འཁུར་བ་ཡིན་པའི་ཤིས་ཀྲེན་ཧྭ་ཡིས་གཙོ་བོ་དཔྱད་ཆས་ཀྱི་ལྟ་དཔྱད་ཚད་འཇལ་བདག་སྐྱོང་དང་། གྲངས་གཞི་ཕབ་ལེན་ཐག་གཅོད། དེ་བཞིན་ས་ཚིགས་ཀྱི་རྒྱུན་གཏན་འཁོར་སྐྱོད་སོགས་ཀྱི་ལས་འགན་འཁུར་གྱི་ཡོད་པ་དང་། ཁོང་གིས་ལོ་ལྟར་ཁོམ་སྐབས་དང་བསྟུན་ནས་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་སློབ་ཆུང་གི་སློབ་མ་ཚོ་ས་ཚིགས་སུ་ཁྲིད་དེ“སྐྱེ་ཁམས་ཤེས་བྱའི་སློབ་ཁང་ཆུང་ངུའི”ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་ཡང་སྤེལ་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།