དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་གཙོ་གནད་གཞུང་ལམ་རྣམ་གྲངས་སྐྲུན་མགྱོགས་སུ་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-15

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དབྱར་ཟླ་ར་བར་དུས་ཚིགས་གཉིས་པའི་ཨར་སྐྲུན་གྱི་དུས་ཚིགས་ཡག་ཤོས་ལ་སླེབས་ཤིང་། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཨར་ལས་སྒྲིག་འཛུགས་ཀྱི་ཇུས་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་སུ་བཏང་སྟེ། ས་ཁོངས་དབྱེ་བ་དང་ས་བབ་དབྱེ་བའི་ཧེ་བག་ཅན་གྱི་ཨར་ལས་དོ་དམ་ཚོད་འཛིན་བྱས་ནས། འགྲིམ་འགྲུལ་རྣམ་གྲངས་སྣ་ཚོགས་རྒྱུན་མཐུད་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད། ཟླ་5ཚེས་22ཉིན་བར། མཚོ་སྔོན་གྱིས་གཙོ་གནད་གཞུང་ལམ་རྣམ་གྲངས་མང་པོར་དམ་འཛིན་བྱས་པས་ལས་གྲྭ་སྤྱི་ཡོངས་ཀྱི་འཕེལ་རིམ་བདེ་བླག་བྱུང་ཡོད།

    རྨ་ཆུའི་རྒྱུད་ཀྱི་མ་ལམ་གྱི་འགྲིམ་འགྲུལ་བཀོད་པ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ཆེན་དབར་ཕན་ཚུན་ཤར་གཏོང་གི་བགྲོད་ལམ་གཏོད་ཆེད། མཚོ་སྔོན་གྱིས་རྒྱལ་ལམ་310ཡི་ཏ་ཧོ་ཅ(མཚོ་སྔོན་དང་ཀན་སུའུ་བར་གྱི་འབྲེལ་མཚམས)ནས་ཆིང་ཧྲུའེ་བར་གྱི་གཞུང་ལམ་ལས་གྲྭ་འཛུགས་སྐྲུན་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ཡོད། མིག་སྔར། ལས་གྲྭ་དེའི་ལམ་གཞི་དང་། རྒྱུན་གཏན་ཟམ་པ། ཟམ་མིག་བཅས་སྤྱིར་ན་ལས་མཇུག་འགྲིལ་ཟིན་པ་དང་། ལམ་ཐིག་ཧྲིལ་པོའི་ཕུག་ལམ་7ཚང་མ་ཏལ་འབིགས་ཐུབ་ཡོད། ཚོད་འཛིན་རང་བཞིན་གྱི་ཟམ་པའི་ལས་གྲྭ་ཆེ་གྲས་ཁག་ལ་གོ་རིམ་ལྡན་པའི་ཚད་བརྒལ་བྱུང་ཡོད། མིག་སྔར། རྣམ་གྲངས་དེའི་ལམ་ངོས་འདིང་བ་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲིག་བཀོད་སོགས་ཞོར་གཏོགས་ལས་གྲྭའི་ཨར་སྐྲུན་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ། ཁྲོན་ཁོའུ་ནས་ཏ་ཧོ་ཅ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། དེ་ནས་ཀ་ཅུ་ནས་ཏ་ཧོ་ཅའི་བར་གྱི་མྱུར་བགྲོད་གཞུང་ལམ་དུམ་བུ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། ལམ་ཐིག་ཧྲིལ་པོ་2027ལོའི་ཟླ་12པར་ཤར་གཏོང་ཐུབ་བཟོ་ཡོད་པ་རེད།

    མཚོ་སྔོན་གྱིས་ཞིང་ཆེན་ནང་ཁུལ་མ་ལམ་གྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་ལ་མཉམ་དུ་སྐུལ་འདེད་བཏང་ནས་རྒྱལ་ལམ་310ལམ་གྱི་གཅན་ཚ་ནས་གསེར་ཆེན་བར་གྱི་གཞུང་ལམ་འཛུགས་སྐྲུན་ལས་གྲྭའི་སྤྱི་ཡོངས་ཀྱི་ཨར་ལས་འཕེལ་རིམ་80%ཙམ་ལེགས་གྲུབ་ཟིན་པ་དང་། ཟླ་བ་བདུན་པའི་ཟླ་མཇུག་གོང་དུ་གདུང་མ་འཛུགས་པའི་ལས་དོན་ཚང་མ་ལེགས་སྒྲུབ་བྱ་རྒྱུ་དང་ཟླ་བ་བརྒྱད་པའི་ཟླ་མཇུག་གོང་ལས་གྲྭ་ལྷག་མ་ཚང་མ་ལེགས་སྒྲུབ་བྱས་ཏེ་རྩིས་སྤྲོད་ཞིབ་བཤེར་གྱི་ཚད་དུ་སླེབས་པར་བྱ་རྩིས་ཡོད་པ་རེད། རྒྱལ་ལམ་310ཡི་གཅན་ཚ་ནས་གསེར་ཆེན་བར་གྱི་གཞུང་ལམ་ལས་གྲྭའི་ཡར་ཀ་ནས་ཨ་སྐོང་དུམ་བུའི་ཁྲི་ཀ་ནས་གད་པ་སུམ་མདོ་བར་གྱི་གཞུང་ལམ་སྦྲེལ་མཐུད་ལམ་ཐིག་མིག་སྔར་ལམ་གཞིའི་ལས་གྲྭ་95%ལེགས་གྲུབ་ཟིན་པ་དང་། ཟམ་འོག་གི་གྲུབ་ཆའི་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་ཡོད། ཟླ་བ་དྲུག་པར་གདུང་མ་འཛུགས་རྒྱུ་དང་ཟླ་བ་བདུན་པར་ལམ་ངོས་འདིང་རྩིས་ཡོད་པ་རེད།

    G338ཧའེ་ཤིན་ནས་ཐེམ་ཆེན་གཞུང་ལམ་གྱི་ཆུ་ཁོལ་ནས་སྤྱང་ཚང་བར་གྱི་དུམ་བུ་བསྐྱར་སྐྲུན་ལས་གྲྭས་སྐྱེ་ཁམས་མཐུན་འགྲོགས་རྣམ་པའི་འབྲོག་ཁུལ་གྱི་གཞུང་ལམ་གཏོད་རྒྱུར་གཞོལ་ཡོད། མིག་སྔའི་བར། རྣམ་གྲངས་ཀྱི་ལམ་གཞི་དང་། ལམ་ངོས་ཀྱི་གཞི་གདན། སྡོད་ཁང་འཛུགས་སྐྲུན་བཅས་ཀྱི་ལས་གྲྭ་ཚང་མ་བསྐྲུན་ཟིན་པ་དང་། ཟམ་པ་དང་ཆུ་འགྲོའི་ལས་གྲྭ་98%ལེགས་གྲུབ་ཟིན་ཏེ་ཨར་ལས་ཀྱི་སྤུས་ཚད་ཞིབ་དཔྱད་ཚད་ལེན་གྱི་ཚད་གཞིར་སླེབས་ལ། ལམ་ཟུར་དུ་རྡོ་འདིང་བ་དང་། ལམ་ཁོངས་ཀྱི་ཁོར་ཡུག་བཅོས་སྒྲིག རི་ལྡེབས་ལ་སྔོ་ཁེབས་དང་རྩི་ཤིང་འཛུགས་པ་སོགས་ཞོར་གཏོགས་ལས་གྲྭར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།