ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་1.6གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ།
ད་ལོ་ཚུན་དུ། རང་རྒྱལ་གྱིས་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གཞུང་ལམ་ལེགས་བཅོས་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་གསེབ་གཞུང་ལམ་གྱི་དྲ་རྒྱ་རྒྱུན་མཐུད་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་གྲོང་གསེབ་ཀྱི་གཞུང་ལམ་ལ་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་821.1བྱས་ནས། རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་1.6གསར་སྐྲུན་དང་བསྐྱར་སྐྲུན་བྱས་ཡོད་པ་རེད།
གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བསྐྲུན་ཡོད་ལ། དོ་དམ་དང་། བདག་སྐྱོང་། གཉེར་སྐྱོང་བཅས་ཀྱང་ཡག་པོ་བྱས་ཤིང་། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་སུ་ལག་བསྟར་བྱས་པའི་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་ལས་གྲྭའི་ལམ་ཚད་བསྡོམས་འབོར་སྤྱི་ལེ་ཁྲི་2.6ཟིན་ཡོད། ཟླ་བཞི་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ལམ་དཔོན་མི་གྲངས་བསྡོམས་འབོར་ཁྲི་66.4ཟིན་པ་དང་། དེའི་ནང་རྫོང་རིམ་པའི་ལམ་དཔོན་ཁྲི་2.1དང་། ཤང་རིམ་པའི་ལམ་དཔོན་ཁྲི་7.7 གྲོང་ཚོ་རིམ་པའི་ལམ་དཔོན་ཁྲི་56.6བཅས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།