དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཧུའུ་པེ་ཧྥང་རྫོང་དུ་ལམ་དྲ་ཤར་གཏོང་ཐུབ་ནས་གྲོང་གསེབ་དར་རྒྱས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-14

    ཟླ་6ཚེས་10ཉིན། ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཧྥང་རྫོང་ཅུན་ཏན་གྲོང་རྡལ་ཤང་ཅ་དབན་གྲོང་ཚོར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཡོད། ཧྥང་རྫོང་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་ལམ་དྲ་ཟམ་མི་ཆད་པར་ཚགས་དམ་དུ་ཕྱིན་ནས་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ལམ། ཞིང་ཆེན་ལམ་སོགས་ཕྱོགས་བཞི་མཚམས་བརྒྱད་དུ་སྦྲེལ་མཐུད་ཐུབ་ཡོད། ཉིན་རེ་བཞིན་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་ལམ་དྲས་ཞིང་ལས་ཐོན་རྫས་འགྲོ་རྒྱུག་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ནས་མི་སེར་ཕྱིར་སྐྱོད་ཐད་སྟབས་བདེ་བསྐྲུན་པ་དང་ཐོན་ལས་དར་རྒྱས་ལ་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།