དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས། ས་རྒྱུ་གཤིན་པོར་འཕེལ་རྣམ་མངོན།

    ལྷོ་ཁ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ནས་ལོ་བཅུ་སོང་རིང་གི་མཚོ་སྨད་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-14

    འདི་ནི་མཚོ་སྨད་རྫོང་གནས་བཞི་གྲོང་ཚོའི་རྣམ་པ་གསར་པ་ཡིན་པ།

    འདི་ནི་མཚོ་སྨད་རྫོང་གི་ཞིང་འབྲོག་ཐོན་རྫས་ཉོ་ཚོང་ཁྲོམ་ར་སྐྲུན་ཡུལ་ཡིན་པ།

    འདི་ནི་ཁྲུང་ཁྲུང་སྐེ་ནག་མཚོ་སྨད་གྲི་གུའི་མཚེའུ་ངོགས་སུ་བབ་སྡོད་བྱེད་བཞིན་པ།

    འདི་ནི་མཚོ་སྨད་གྲི་གུའི་རླུང་གློག་ར་བ་ཡིན་པ།

    གླེང་གཞི།

    ལོ་བཅུ་ཡི་གོང་། ལྷོ་ཁ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ནས་བོད་མིའི་འབྱུང་ཁུངས་སུ་གྲགས་པའི་ས་གཞི་ཆེ་མོར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་རྐྱང་ཞིག་བཏོད་ཡོད། དེ་དང་ཆབས་ཅིག ཆ་སྙོམས་ས་བབ་སྨི་4000ལྷག་ཙམ་ཟིན་པའི་མཚོ་སྨད་རྫོང་དུ་དབུལ་ཕོངས་དང་འགྲིམ་འགྲུལ་ཤར་གཏོང་མེད་པའི་གནས་ཚུལ་རིམ་བཞིན་མེད་པར་གྱུར་ནས་ས་མཐོའི་འཚོ་བ་དེ་བས་སྐྱིད་དུ་སོང་བ་མ་ཟད། འཕེལ་རྒྱས་ཀྱང་མྱུར་པོ་བྱུང་ཡོད།

    ལོ་བཅུ་ཡི་རིང་མཚོ་སྨད་རྫོང་གིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”རྟག་ཏུ་ནས་དམ་འཛིན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་ཡོད།

    རྩྭ་ཐང་གི་གང་ས་ནས་འཕེལ་རྣམ་གསར་པ་མངོན་པ།

    ལོ་བཅུ་ཡི་རིང་མཚོ་སྨད་རྫོང་གིས“གཞན་བརྟེན”དང“རང་བརྟེན”གལ་ཆེ་མཉམ་འཛིན་ལ་དམིགས་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ནས། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་། དཔལ་འབྱོར་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད། དངོས་སྒྲུབ་ལ་བརྟེན་ནས་ས་མཐོའི་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་བཅས་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ཕྱོགས་སུ་བརྟན་པོ་བསྐྱོད་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྨད་རྫོང་གིས་རིམ་རྩིས་བརྒྱབ་ན་རྣམ་གྲངས་ཁག་508ལག་ལེན་བསྟར་བར་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར་66.16བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལྡབ་3.9ཡིན་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་མཚོ་སྨད་རྫོང་གི་སྒོར་ཁྲི་500ཡན་གྱི་རྣམ་གྲངས་101ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་30.7385བཏང་ཡོད། དེ་དང་ཆབས་ཅིག་མཚོ་སྨད་རྫོང་གིས་རྒྱལ་ལམ་G219དང་G560གཉིས་ལ་བརྟེན་ནས“གཞུང་གཉིས་འཕྲེད་གཅིག”གི་ལམ་དྲ་བསྐྲུན་ཏེ་གྲོང་ཚོར་ཤར་གཏོང་ཐུབ་པའི་གཞུང་ལམ་སྣུར་སྲིང་རྒྱུན་མི་ཆད་པ་བྱས་པས་མང་ཚོགས་ཀྱི་འགྲུལ་བཞུད་དེ་བས་སྟབས་བདེ་རུ་ཕྱིན་ཡོད།

    མཚོ་སྨད་རྫོང་དུ་ལོ་རེར་ཉི་འོད་འཕྲོས་ཚད་ཉིན་300ལྷག་ཙམ་ཟིན་པ་དང་ལོ་ལྟར་རླུང་ཆེན་ལྡང་གི་ཡོད་པས་རླུང་གློག་དང་འོད་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། 2021ལོའི་ལོ་མཇུག་ཏུ། སྐབས་དེ་དུས་འཛམ་གླིང་གི་ས་བབ་མཐོ་ཤོས་ཡིན་པའི་རླུང་ཤུགས་གློག་ཁང་བོད་ལྗོངས་མཚོ་སྨད་གྲི་གུ་རླུང་ཤུགས་གློག་ཁང་ནས་གློག་གཏོང་འགོ་ཚུགས་ཤིང་། 2023ལོའི་ལོ་མཇུག་ཏུ་བོད་ལྗོངས་མཚོ་སྨད་ཀྱི་ཀྲའོ་ཝ་30ཡི་འོད་ཤུགས་གློག་གཏོང་རྣམ་གྲངས་བདེ་བླག་ངང་དྲ་སྦྲེལ་གློག་གཏོང་ཐུབ་ཡོད། གྲི་གུའི་མཛེས་ལྗོངས་ཁུལ་གྱིས་ཀྱང་2025ལོར་AAAརིམ་པའི་མཛེས་ལྗོངས་ཁུལ་འཛུགས་གཏོད་བདེ་བླག་བྱས་ཡོད་པ་རེད།

    ལོ་བཅུ་ཡི་རིང་མཚོ་སྨད་རྫོང་གིས་དངོས་སྒྲུབ་ལ་བརྟེན་ཏེ“གཞན་བརྟེན”ནས“རང་བརྟེན”དུ་བསྒྱུར་བར་བྱས་པས་ས་མཐོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།

    གངས་ལྗོངས་ཀྱི་དག་ཞིང་དེ་བས་མཛེས་སྡུག་ལྡན་པ།

    ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་མཚོ་སྨད་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། བློ་ཐག་ཆོད་པོས་གངས་ལྗོངས་ཀྱི་ས་གཙང་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱས་ཏེ་རི་སྔོན་ཆུ་དྭངས་ཡོང་བར་བྱས་ཡོད།

    ལོ་བཅུ་ཡི་གོང་། མཚོ་སྨད་རྫོང་གི་ནགས་ལས་ལས་བྱེད་པ་བློ་བཟང་ལས་ཀར་ཞུགས་མ་ཐག་ཡིན་ཞིང་། སྐབས་དེ་དུས་རྫོང་གྲོང་གི་མཐའ་འཁོར་དུ་བ་ཚྭ་ཅན་གྱི་ས་ཆ་མང་པོ་ཡོད་པས་ལྗོན་ཤིང་གསོན་ཚད་30%ཡང་ཟིན་གྱི་མེད། 2025ལོར་མཚོ་སྨད་རྫོང་གིས་རྒྱལ་ཁབ་ཀྱི་ས་ཆ་མུའུ་740སྔོ་འགྱུར་བྱས་པ་དང་། སྡོང་རྐང་ཁྲི་6བཙུགས་པ། མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་ནས་ནགས་བཟོ་ནགས་སྐྱོང་དང་གྲི་གུའི་མཐའ་འཁོར་གྱི་རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་ལག་ལེན་བསྟར་བས་སྔོ་ལྗང་ཁྱབ་ཚད་10.83%བར་མཐོ་རུ་ཕྱིན་ཡོད། ད་ཆ་རྫོང་གྲོང་གི་མཐའ་འཁོར་དུ་ཡུན་ཧྲན་གསོམ་ཤིང་དང་གླ་ཚེར་སྐྱེ་འཚར་བཟང་པོ་བྱུང་ཡོད།

    ལོ་བཅུ་ཡི་རིང་། མཚོ་སྨད་རྫོང་འདི་ཉིད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང་དང་སྐྱེ་ཁམས་གྲོང་གསེབ་ལ་འཛུགས་གཏོད་བདེ་བླག་བྱས་པ་དང་། 2017ལོ་དང་2019ལོར་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་དཔྱད་བསྡུར་གྱི་ཕུལ་བྱུང་རིམ་པ་ཐོབ་ནས། མིའི་འཚོ་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་ལྷོ་ཁ་གྲོང་ཁྱེར་སྔོན་ཐོན་དུ་སླེབས་ཡོད། ད་ཆའི་མཚོ་སྨད་ཀྱི་ནམ་མཁའ་དེ་བས་སྔོ་བ་དང་། རི་བོ་དེ་བས་སྔོ་ལྗང་། ཆུ་མོ་དེ་བས་དྭངས་པ། གངས་ལྗོངས་ས་གཙང་གི་སྐྱེ་ཁམས་རང་མདངས་དེ་བས་མངོན་གསལ་དོད་དུ་ཕྱིན་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཁྲོད་འོད་མདངས་རབ་ཏུ་འཕྲོ་བའི་འཕྲོ་བའི་མུ་ཏིག་ཅིག་ཏུ་གྱུར་ཡོད།

    དམངས་འཚོའི་སྐྱིད་སྣང་དེ་བས་ཆེ་རུ་ཕྱིན་པ།

    ལོ་བཅུ་ཡི་རིང་། མཚོ་སྨད་རྫོང་གིས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་དོན་ཆེན་ཨང་དང་པོར་བརྩིས་ཤིང་། བོད་རིགས་མི་དམངས་ཉེན་རྟོག་པ་སྐལ་བཟང་ཚེ་རིང་གིས་དུས་ཚོད་མང་ཆེ་བ་གཞི་རིམ་གྱི་མངགས་གཏོང་ཁང་དུ་བསྡད་ནས། རྩྭ་རའི་རྩོད་གཞི་དང་ཁྱིམ་མཚེས་ཀྱི་འགལ་བ་འདུམ་འགྲིག་སོགས་གང་དུའང་ཁོང་གི་གཟུགས་བརྙན་མཐོང་རྒྱུ་ཡོད། ཁོང་གིས“ང་ཚོས་གྲོང་ཚོ་རེ་རེ་དང་དུད་ཚང་རེ་རེར་བསྐྱོད་དེ་འགལ་བ་ཐོན་མ་ཐག་ཐག་གཅོད་བྱེད་དགོས”ཞེས་བཤད།

    ལོ་བཅུ་ཡི་རིང་། མཚོ་སྨད་རྫོང་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ཨང་དང་པོར་བཞག་སྟེ། སློབ་གསོ་དང་། སྨན་བཅོས། རྒན་གསོ་བཅས་ནས་རིག་གནས་བར་དམངས་འཚོའི་དོན་དངོས་མང་པོ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་ལ། སློབ་གསོའི་བྱ་གཞག་ཀྱང“སློབ་གྲྭར་འགྲོ་རྒྱུ་ཡོད་པ”ནས“སློབ་གྲྭ་ཡག་པོར་འགྲོ་ཐུབ་པའི”བར་མཆོང་སྐྱོད་བྱུང་སྟེ། སློབ་གྲྭ་འབྲིང་ཆུང་དུ་སློབ་ཞུགས་ཐུབ་ཚད་དང་། གྲོང་ཁྱེར་དང་གྲོང་རྡལ། དེ་བཞིན་ཞིང་འབྲོག་ཁུལ་བཅས་སུ་སློབ་ཞུགས་གོང་གི་ལོ་གསུམ་རིང་གི་སློབ་གསོ་ཐོབ་ཚད་100%ཟིན་ཡོད། 2025ལོར་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་དམངས་སྲིད་གཞི་རིམ་ཞབས་ཞུའི་སྤྱི་ཁྱབ་ས་ཚིགས་ཐོག་མ་དེ་མཚོ་སྨད་རྫོང་དུ་བཙུགས་ནས་དམངས་འཚོའི་ཞབས་ཞུ“གཅིག་འཐུས་རྣམ་པའི”ངང་བསྒྲུབས་ཡོད།

    ལོ་བཅུ་ཡི་རིང་གི་གཏམ་རྒྱུད་ཚང་མ་བློ་ལ་བརྟན་པོར་ངེས་དགོས་པ་ཞིག་ཡོད་ལ། གྲུབ་འབྲས་ཚང་མ་ལས་སླ་པོར་བྱུང་བ་ཞིག་གཏན་ནས་མིན། ས་མཐོའི་རླུང་བུ་སྔར་བཞིན་གྲང་ངར་ཆེ་ཡང་མཚོ་སྨད་ཀྱི་མཚན་མོའི་གློག་སྒྲོན་ལོ་བཅུའི་གོང་ལས་ཀྱང་འོད་མདངས་འཚེར་བ་དང་། རྩྭ་ཐང་གི་ལམ་བུ་སྔར་བཞིན་རིང་པོ་ཡོད་ཀྱང་མཚོ་སྨད་བ་རྣམས་ཀྱི་གོམ་སྟབས་ལོ་བཅུའི་གོང་ལས་ཀྱང་བརྟན་དུ་སོང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།