དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དུག་འགོག་ཤེས་བྱ་སྒྲོག་འགྲེལ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-14

    འདི་ནི་འཁྲབ་སྟོན་པས་འགོ་ཚུགས་མཛད་སྒོར་ཞབས་བྲོ་འཁྲབ་བཞིན་པ།

    འདི་ནི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་དུ་སློབ་མ་ཚོས་སྤྲོ་འཕེལ་དུག་འགོག་རོལ་རྩེད་རྩེ་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་དུག་འགོག་གཞུང་དོན་ཁང་གིས་གཞིས་རྩེ་གྲོང་ཁྱེར་དུག་འགོག་ལས་དོན་མཉམ་འབྲེལ་ཚོགས་འདུའི་གཞུང་ལས་ཁང་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་དུ་བོད་རང་སྐྱོང་ལྗོངས་ཀྱི་ཟླ་དྲུག་པའི་དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་གཉེར་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་དུག་འགོག་ཤེས་བྱ་འགྲན་བསྡུར་དང་སྤྲོ་འཕེལ་དུག་འགོག་རོལ་རྩེད་སོགས་ཀྱི་ཁྱད་ལྡན་ཉམས་ལེན་ཁུལ་མང་པོ་བཏོད་དེ། དུག་འགོག་ཤེས་བྱ་དང་སྤྲོ་སྣང་རོལ་རྩེད་ཟུང་འབྲེལ་མཁས་པོ་བྱས་ནས་བྱེད་སྒོར་ཞུགས་མཁན་ཚོས་རོལ་རྩེད་ཞོར་དུ་དུག་རྫས་ཀྱི་རིགས་དབྱེ་སྟངས་སྦྱོང་བ་དང་། དུག་འགོག་གི་ཐབས་ཤེས་ཁོང་དུ་ཆུད་པ། དུག་འགོག་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་པ་བཅས་བྱས་པས“རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པ་དང་རྩེད་འཇོར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི”དྲིལ་བསྒྲགས་ཀྱི་ཕན་འབྲས་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།