འོས་འགན་སྨན་བཅོས་བྱས། དམངས་ལ་ཕན་བདེ་བསྐྲུན།

ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་ནས་དམངས་འཚོར་ཕན་འདོགས་པ་དང་སྨན་ཁང་གི་སྨན་བཅོས་ཆུ་ཚད་དེ་བས་མཐོ་རུ་གཏོང་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་སྨན་ཁང(སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང)གིས་སྒོ་བསྟེན་སྨན་ཁང་གི་ཐོག་སོ་དང་པོའི་ཚོམས་ཆེན་དུ་འོས་འགན་སྨན་བཅོས་བྱས་པ་རེད།
ད་ཐེངས་འོས་འགན་སྨན་བཅོས་ཀྱི་དཔུང་ཁག་གི་སྟོབས་ཧ་ཅང་ཆེ་ཞིང་། དེའི་ནང་དབང་རྩའི་ཚན་ཁག་དང་། མིག་ནད་ཚན་ཁག སྤྱིར་བཏང་ཕྱི་བཅོས་ཚན་ཁག་སོགས་ཚན་ཁག་མང་པོའི་རིགས་གཅིག་མཁས་ཅན་ཚོགས་པས་ས་གནས་ས་ཐོག་ཏུ་སྨན་བཅོས་བྱས་ཤིང་། འདི་ནི་འོས་འགན་སྨན་བཅོས་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།